41982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟོད་པ་རྣམ་པར་དག་པ་བདུན་ (1)
Part of speech མིང་ཚིག
Definition འཕགས་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ཐམས་ཅད་ལས་གནོད་པ་ཐམས་ཅད་ཉེ་བར་གནས་པ་ན། བདག་ཉིད་ཀྱིས་རྣམ་པར་སྨིན་པ་ལ་རྟོན་པས་མི་འཁྲུག་པ། ལན་བྱ་བའི་ཕྱིར་སླར་སྤྱོ་བ་དང༌། གཤེ་བ་དང༌། བརྡེག་པ་དང༌། བསྡིགས་པ་དང༌། མཚང་འདྲུ་བའི་གནོད་པ་དག་གིས་སྦྱོར་བར་མི་བྱེད་པ། ཁོན་གྱི་བསམ་པ་མི་བྱེད་པ། ཤད་ཀྱིས་འཆགས་པ་ན་ཡོངས་སུ་ཉོན་མོངས་པར་མི་བྱེད་པ། ཤད་ཀྱིས་འཆགས་པ་ལ་མི་སྡོད་པ། འཇིགས་པ་དང་ཟང་ཟིང་གི་སེམས་ཀྱིས་བཟོད་པར་བྱེད་པ་མ་ཡིན་པ། ཕན་གདགས་པར་བྱ་བ་ལ་ཡལ་བར་མི་འདོར་བའོ། །
Domain ཆོས་ལུགས།