41989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟོད་པའི་གཟུངས་ (1)
Part of speech མིང་ཚིག
Definition མདོ། གཟུངས་གང་ཞིག་ཡི་གེའི་གནས་ལུགས་སྟོང་པ་ཉིད་ལ་དམིགས་ཏེ་བསྒོམས་པས་སྐྲག་པ་ཤས་ཆེར་མི་འབྱུང་བའི་རབ་ཏུ་ཕྱེ་བའི་དྲན་པ་དང་ཤེས་རབ་གཙོ་བོར་གྱུར་པའི་མཁྱེན་པ། འོ་ན་དེས་ཡེ་གེའི་གནས་ཚུལ་སྟོང་པ་ཉིད་ལ་དམིགས་ནས་སྒོམ་ཚུལ་ཇི་ལྟ་བུ་ཞེ་ན། ཨ་ར་པ་ཙ་ན་ལྟ་བུ་ལ་མཚོན་ན། ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའོ། །ཞེས་པ་ལ་སོགས་པའི་ཚུལ་གྱིས་སྒོམ་བར་བྱེད་དོ། །
Domain ཆོས་ལུགས།
བཟོད་པའི་གཟུངས་ (2)
Part of speech མིང་ཚིག
Definition གཟུངས་བཞི་པོ་གང་རུང་གང་ཞིག ཆོས་རྣམས་བདེན་སྟོང་དུ་རྟོགས་པ་ལ་མི་སྐྲག་པའི་བཟོད་པ་ཐོབ་པའི་མཁྱེན་པ་དེ། བཟོད་པའི་གཟུངས་ཀྱི་མཚན་ཉིད་ཡིན། ས་མཚམས་ནི། སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་ནས་ཡོད།
བཟོད་པའི་གཟུངས་ (3)
Part of speech མིང་ཚིག
Definition བཟོད་པའི་གཟུངས་ནི་གཉིས་ཏེ། བཟོད་པའི་རྒྱུར་གྱུར་པའི་གཟུངས་ནི་རང་བཞིན་སྐྱེ་མེད་ཀྱི་དོན་ལ་འཇིག་རྟེན་པའི་བསྒོམས་བྱུང་གིས་གསལ་སྣང་ཐོབ་པ་ཡིན་ནོ། །བཟོད་པ་དངོས་ཀྱི་གཟུངས་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་དྲན་པ་མཚུངས་ལྡན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། བཟོད་པའི་རྒྱུར་གྱུར་གྱི་གཟུངས་དང་། བཟོད་པ་དངོས་ཀྱི་གཟུངས་གཉིས་ལས། དང་པོའི་མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་བཞིན་སྐྱེ་མེད་ཀྱི་དོན་ལ་འཇིག་རྟེན་པའི་སྒོམ་བྱུང་གི་གསལ་སྣང་ཐོབ་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །ཕྱི་མའི་མཚན་ཉིད་ནི། གང་ཞིག ཆོས་ཉིད་མངོན་སུམ་དུ་མཐོང་བའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །ས་མཚམས་ནི། སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པའི་གཟུངས་བཞི་ཆར་ཡང་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད། བརྟན་པ་དང་། རྒྱ་ཆེ་བའི་གཟུངས་བཞི་ཆར་ས་དང་པོ་ནས་ཡོད་པར་གསལ་ལོ། །ཞེས་སྦས་དོན་རབ་གསལ་ལས་གསུངས་སོ། །