4199
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ཤིང་བྱ་ཕྱི་ལོ་ ༡༥༨༥ ལོར་སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་ཁྱུང་ཐར་སྡེ་བར་འཁྲུངས། གཞོན་དུས་ནས་འབུམ་དགོན་གྱི་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། ཚད་མ་རྣམ་འགྲེལ་སོགས་ལ་སྦྱངས། དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། བཤེས་གཉེན་དུ་མར་བསྟེན་ནས་མཚན་ཉིད་ཀྱི་དགོངས་དོན་དཔྱིས་ཕྱིན་པར་སྦྱངས། སྐབས་དེར་འགགས་ཤིང་རིན་ཆེན་ཞེས་མཁས་པའི་གྲགས་པ་རྒྱས། སྨད་རྒྱུད་གྲྭ་ཚང་དུ་ཞུགས། གསང་ཆེན་རྒྱུད་སྡེ་ཀུན་ལ་གསན་སྦྱངས་ཚུལ་བཞིན་དུ་གནང། སྔགས་ཀྱི་དམ་བཅའ་དང་དགེ་བསྐོས་ཐོན་ཟིན་ཡང་རང་ཡུལ་དུ་ཕེབས། རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲིར་ཕེབས། འཆད་ཉན་གྱི་བྱ་བ་ལེགས་པར་བསྒྲུབས། རྒྱུད་པ་བླ་བྲང་ལྷས་སྐོར་གཅིག་གཟིམས་ཁང་དང་བཅས་པར་གསར་བཞེངས་མཛད། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བཀའ་ཤོག་གནང་། རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ཕྱི་ལོ་ ༡༦༥༣ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། བཞི་པའི་སྨོན་ལམ་སྐབས་རྣམ་འགྲེལ་སོགས་གཞུང་གི་ཚོགས་ལངས་བཅུ་གཉིས་དང་། དབྱར་གནས་སྐབས་བསྡུས་ཆུང་གི་ཚོགས་ལངས་བཅུ་བཞི་བཅས་ཀྱི་སྲོལ་བཟང་བཙུགས། ཁྲི་ཟུར་ནས་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས། སེང་ཁྲི་ཁང་ཞིག་གསོས་མཛད། འདས་ལོ་མི་གསལ། སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ཆེན་དགུ་པ་དང་། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཉི་ཤུ་པ་ཡིན། |