41991
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། གང་འདི་ལ་རིགས་ཕུན་སུམ་ཚོགས་པ་རྙེད་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ། གཟུགས་ཕུན་སུམ་ཚོགས་པ། གཡོག་འཁོར་ཕུན་སུམ་ཚོགས་པ། གཏོང་བ་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ། ཆོས་ཉན་པ་ཕུན་སུམ་ཚོགས་པ། ཆོས་ལ་ནན་ཏན་བྱེད་པ་ཕུན་སུམ་ཚོགས་པ། ཤི་འཕོས་ནས་ཀྱང་སངས་རྒྱས་མཐོང་བ་ཕུན་སུམ་ཚོགས་པ་རྙེད་པ། མཐོང་ནས་ཀྱང་དད་པ་ཐོབ་པའོ། ། |
| Domain | ཆོས་ལུགས། |