41993
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་སོ་བཞི་པ་བཟོད་པའི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཐོབ་པ་བཅུ་སྟེ། ༡ སྒྲ་ཁོང་དུ་ཆུད་པའི་བཟོད་པ། ༢ མཐུན་པའི་བཟོད་པ། ༣ མི་སྐྱེ་བའི་ཆོས་ཀྱི་བཟོད་པ། ༤ སྒྱུ་མ་ལྟ་བུའི་བཟོད་པ། ༥ སྨིག་རྒྱུ་ལྟ་བུའི་བཟོད་པ། ༦ རྨི་ལམ་ལྟ་བུའི་བཟོད་པ། ༧ སྒྲ་བརྙན་ལྟ་བུའི་བཟོད་པ། ༨ གཟུངས་བརྙན་ལྟ་བུའི་བཟོད་པ། ༩ སྤྲུལ་པ་ལྟ་བུའི་བཟོད་པ། ༡༠ ནམ་མཁའ་ལྟ་བུའི་བཟོད་པའོ། ། |
| Domain | ཆོས་ལུགས། |