41995
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ལུས་ལ་མི་ལྟ་བས་བཟོད་པ་བལྟ་བ། ༢ སྲོག་ལ་མི་ཆགས་པས་བཟོད་པར་བལྟ་བ། ༣ ཞེ་སྡང་བའི་སེམས་མེད་པས་བཟོད་པར་བལྟ་བ། ༤ ཉེས་པར་སྨྲས་པའི་ཚིག་དང་དུ་ལེན་པས་བཟོད་པར་བལྟ་བ། ༥ ཉམ་ཆུང་བའི་སེམས་ཅན་ལ་སྙིང་རྗེ་སྐྱེད་པས་བཟོད་པར་བལྟ་བ། ༦ མ་བསླབ་པ་ལ་མི་བརྙས་པས་བཟོད་པར་བལྟ་བ། ༧ གནོད་པ་བྱེད་པ་རྣམས་ལ་ལན་གླན་པའི་མཐུ་ཡོད་ཀྱང་ལན་མི་ལྡན་པས་བཟོད་པར་བལྟ་བ། ༨ ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ཀྱང་མི་འཁྲུགས་ཤིང་གནོད་སེམས་མེད་པས་བཟོད་པར་བལྟ་བ། ༩ བརླང་བ་མེད་པས་བཟོད་པར་བལྟ་བ། ༡༠ གཤེ་བ་ལ་སླར་མི་གཤེ་བས་བཟོད་པར་བལྟ་བ། ༡༡ བསམ་པ་དག་པས་བཟོད་པར་བལྟ་བ། ༡༢ རྙོག་པའི་སེམས་མེད་པས་བཟོད་པར་བལྟ་བ། ༡༣ དཀྲུགས་པའི་སེམས་མེད་པས་བཟོད་པར་བལྟ་བ་དང༌། ༡༤ གཞན་གྱི་སེམས་སྲུང་བས་བཟོད་པར་བལྟ་བ། ༡༥ སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོས་བཟོད་པར་བལྟ་བ། ༡༦ སྙིང་རྗེའི་བློ་དང་ལྡན་པས་བཟོད་པར་བལྟ་བ། ༡༧ ང་རྒྱལ་མེད་པས་བཟོད་པར་བལྟ་བ། ༡༨ སེམས་ཅན་ཐམས་ཅད་ལ་བརྙས་ཐབས་མེད་ཅིང་འདུད་པས་བཟོད་པར་བལྟ་བ། ༡༩ འབར་བ་མེད་པས་བཟོད་པར་བལྟ་བ། ༢༠ ཉེ་བར་ཞི་བས་བཟོད་པར་བལྟ་བ། ༢༡ ངེས་པར་སེམས་པས་བཟོད་པར་བལྟ་བ། ༢༢ བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པས་བཟོད་པར་བལྟ་བ། ༢༣ གཞན་གྱི་འཁྲུལ་པའི་སྐྱོན་ལ་མི་ལྟ་བས་བཟོད་པར་བལྟ་བ། ༢༤ སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པས་བཟོད་པར་བལྟ་བ། ༢༥ ཆོས་ལ་སེམས་སྦྱོར་བས་བཟོད་པར་བལྟ་བ། ༢༦ དད་པའི་དངོས་པོས་བཟོད་པར་བལྟ་བ། ༢༧ སེམས་ལ་གདུང་བ་མེད་པས་བཟོད་པར་བལྟ་བ། ༢༨ བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པས་བཟོད་པར་བལྟ་བ། ༢༩ གསོང་པོར་སྨྲ་བས་བཟོད་པར་བལྟ་བ། ༣༠ རྣམ་པར་ཐར་པའི་སྒོ་གསུམ་ལ་དངངས་པ་མེད་པས་བཟོད་པར་བལྟ་བ། ༣༡ མ་སྐྱེས་པ་དང་མ་བྱུང་བ་ལ་མོས་པས་བཟོད་པར་བལྟ་བ། ༣༢ མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་བཟོད་པར་བལྟ་བ་སྟེ། མིའམ་ཅིའི་བདག་པོ། རྣམ་པར་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། ། |
| Domain | ཆོས་ལུགས། |