42011
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཁོང་ཁྲོ་ངོས་གཟུང་བ་ནི། གཞན་གྱི་གནོད་པས་སེམས་ཁོང་ནས་འཁྲུགས་པའོ། །ཚེ་འདིའི་ཉེས་པ་ནི། སྤྱོད་འཇུག་ལས། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང། །དགའ་དང་བདེ་བ་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་གསུངས་སོ། །ཞེས་དང། སྐྱེ་བ་གཏན་གྱི་བདེ་བ་འཇོམས་པ་ནི། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཁོང་ཁྲོ་གང་ཞེ་ན། བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་སྲེག་པའི་ངང་ཚུལ་ཅན་ནོ། །ཞེས་གསུངས་ལ། སྤྱོད་འཇུག་ལས་ཀྱང་། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་ཤིང་། ཞེ་སྡང་གིས་བསྐལ་པ་མང་པོར་བསགས་པའི་དགེ་བ་འཇོམས་ཤིང་ངན་སོང་ལས་ཐར་བར་མི་འགྱུར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བཟོད་པའི་མི་མཐུན་ཕྱོགས་ཁོང་ཁྲོ་
|; |@@@ | | }}