42025
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། རང་གི་ངོས་སྐལ་གྱི་ཐེ་ཚོམ་སྤངས་པའི་ངེས་པའི་བདག་ཉིད་ཅན་གྱི་ཤེས་པ་ཞིག་སྟེ། མཆིམས་མཛོད་ལས། དྲི་མ་མེད་པའི་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་མིན་ཏེ། ཤེས་པ་ནི་ངེས་པའི་བདག་ཉིད་ཅན་ཡིན་ན་བཟོད་པ་རྣམས་ནི་བར་ཆད་མེད་པའི་ལམ་ཡིན་པས་དེའི་ཚེ་རང་གི་སྤང་བྱ་(ཐེ་ཚོམ་དང་)ཕྲ་རྒྱས་མ་སྤངས་པས་རང་གི་ཡུལ་ལ་ཐེ་ཚོམ་དང་བཅས་པའི་ཕྱིར་རོ། །(རང་གི་སྨོས་པ་ནི་ཤེས་པ་དང་པོ་བདུན་ཤེས་པ་མ་ཡིན་པར་ཐལ་བ་སྤང་བའི་ཕྱིར་རོ། །) ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བཟོད་ཤེས་ལྟ་གསུམ་གྱི་ཤེས་པ་
|; |@@@ | | }}