42043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟླས་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཟླས་པ་གསུམ་ནི་ངོ་བོ་ལ་བཟླས་པ། བྱེད་པ་ལ་བཟླས་པ། བྱ་བའི་འབྲས་བུ་ལ་བཟླས་པའོ། །
Domain ཆོས་ལུགས།

{{#arraymap:བཟླས་པ་གསུམ་

|; |@@@ | | }}

བཟླས་པ་གསུམ་ (2)
Part of speech མིང་ཚིག
Definition སྔགས། རྡོ་རྗེ་བཟླས་པ། འཁོར་ལོ་བཟླས་པ། ཕྲིན་ལས་བཟླས་པ། དང་པོ་རྡོ་རྗེ་བཟླས་པ་ནི། རང་གི་སྙིང་ཁའི་ཧཱུཾ་ལས་སྔགས་ཁ་དོག་དཀར་པོ་གཡོན་བསྐོར་དུ་ཡོད་པར་བསམ་ལ། ངག་དུ་སྔགས་འདོན་པའི་ཚེ་ཐུགས་ཁའི་སྔགས་ཀྱིས་ཡིག་འབྲུ་འོད་ཟེར་དཀར་པོ་དང་བཅས་པ་རང་གིས་སྣ་བུག་གཡས་པར་བྱུང་སྟེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་དཀྱིལ་འཁོར་གྱི་ལྷ་ཡི་རང་བཞིན་བྱས། དེ་རྣམས་ཚུལ་འདུས་ནས་ཞུགས་ཏེ་ཧཱུཾ་ལ་ཐུམ་པར་བྱའོ། །ཚུལ་དེ་ལྟ་བུ་དམིགས་པ་བྱས་ལ་སྔགས་ནུས་ཚད་འདོན་པ་ནི་རྡོ་རྗེ་བཟླས་པའོ། །གཉིས་པ་འཁོར་ལོའི་བཟླས་པ་ནི། རང་གི་སྙིང་ཁའི་ཧཱུྂ་ལས་སྔགས་འོད་ཟེར་དཀར་པོ་དང་བཅས་པ་སྤྲོས་པ་ཨ་བ་དྷུ་ཏིའི་ནང་དུ་མར་གཤེགས་རྡོ་རྗེའི་ལམ་ནས་བྱུང་ཞིང་ཡུམ་གྱི་པད་མར་ཞུགས། ཡུམ་གྱི་ཨ་བ་དྷུ་ཏིའི་ནང་ནས་་ཡར་གཤེགས་པ་ཡུམ་གྱི་ཞལ་ནས་ཐོན་ཏེ་རང་གི་ཞལ་དུ་ཞུགས་པར་བསམ་མོ། །དེ་ལྟར་ཡི་གེ་འཁོར་བ་ལ་དམིགས་པ་གཏད་དེ་བཟླས་པ་བྱེད་པ་ནི་འཁོར་ལོ་ལྟར་བཟླས་པ་ཞེས་བྱའོ། །གསུམ་པ་ཕྲིན་ལས་ཀྱི་བཟླས་པ་ནི་རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་དཀར་པོ་བྱུང་ནས་འཁོར་ལོ་གྱིས་སྣ་ལ་དཀྱིལ་འཁོར་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས་རིགས་དྲུག་གི་སེམས་ཅན་རྣམས་ཚར་གཅོད་པ་དང་། རྗེས་སུ་བཟུང་བའི་སྒོ་ནས་ཕྲིན་ལས་ཀྱི་བྱ་བ་བྱེད་པ་ལ་སེམས་གཏད་དེ་བཟླས་པ་ནི་ཕྲིན་ལས་ཀྱི་བཟླས་ཞེས་བྱའོ། །

{{#arraymap:བཟླས་པ་གསུམ་

|; |@@@ | | }}