42048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟླས་པ་ལས་ཀྱི་སྔགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྒྲུབ་པའི་གཤེན་པོས་བསྙེན་བསྒྲུབ་ཀྱི་དུས་སུ་གྲངས་ཐུན་དུ་བཅད་ནས་བཟླ་རྒྱུའི་བསྒྲུབ་བྱ་ཡི་དམ་གང་དག་གི་སྙིང་པོའམ་བསྙེན་པ་རྣམས་ཡིན་ཏེ། འགུ་ཡ་ལས། དེ་རྣམས་བཟླས་པ་ལས་ཀྱི་སྔགས། བསྙེན་བསྒྲུབ་གཞི་ཡི་དུས་སུ་བཟླས། ཞེས་པས་ངེས་སོ། །དེ་ཡང་བཟླ་ལུགས་ལ། སྤྱི་རུ་ཏིང་ངེ་འཛིན་གྱིས་རང་གི་ལུས་ངག་ཡིད་གསུམ་ཡི་དམ་གྱི་སྐུ་གསུང་ཐུགས་སུ་བསྒོམ་ཞིང་། དུས་དང་རྣམ་པ་ཀུན་ཏུ་ལྷའི་སྔགས་རྣམས་བཟླས་བརྗོད་བྱེད་ལ། བྱེ་བྲག་ཏུ་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱིས་རང་རང་གི་བློ་སྟོབས་བཞིན་བཟླ་སྟེ། རབ་ཀྱི་རབ་ཀྱིས་ཆུ་བོའི་གཞུང་བཞིན་རྒྱུན་མ་ཆད་པ་དང། རབ་ཀྱི་འབྲིང་གིས་ཉིན་ཞག་ལ་ལན་གསུམ་གསུམ། རབ་ཀྱི་ཐ་མས་ཉིན་ཞག་གཅིག་ལ་ལན་གཅིག་སྟེ། དེ་ཡང་བཟླ་བའི་སྐབས་སུ་གཞན་ལ་མ་གཡེང་བར་བཟླ་ལ། འབྲིང་གི་རབ་དེས་རབ་ཀྱི་ཐ་མ་ལྟར་ཡིན་ལ། འབྲིང་གི་འབྲིང་གིས་ཟླ་བ་གཅིག་ལ་དུས་དྲུག་སྟེ། ཟླ་བ་གང་ཤར་གྱི་ཉ་དང་སྟོང་དང་ཚེས་བརྒྱད། ཉེར་གཅིག་ཉེར་གཉིས་ཉེར་དགུ་རྣམས་ལ་མ་གཡེང་བར་བཟླ་བར་བྱེད་ལ། འབྲིང་གི་ཐ་མས་ཀྱང་ཟླ་བ་གཅིག་ལ་དུས་བཞི་སྟེ། དེ་ཡང་ཟླ་བ་གང་ཚེས་ཀྱི་ཉ་དང་སྟོང་དང་ཚེས་བརྒྱད་ཉེར་གཉིས་བཅས་ལ་བརྩོན་པར་བཟླའོ། །ཐ་མའི་རབ་ཀྱིས་འབྲིང་གི་ཐ་མ་བཞིན་བཟླའོ། །ཐ་མའི་འབྲིང་གིས་ཟླ་རེ་བཟླ་ལ། ཐ་མའི་ཐ་མས་ཀྱང་དུས་བཞིའི་ར་བ་བཞི་ལ་བཟླ་བ་ཡིན་ལ། དེ་ལས་རབ་འབྲིང་ཐ་མ་ལ་ཡང་རབ་ཀྱིས་ཁྲི་འབུམ་བརྒྱ་སྟོང་། འབྲིང་གིས་ཉེར་གཅིག་གམ་ཉེར་གཉིས། ཐ་མས་བདུན་གྱི་བར་དུ་བཟླ་བར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:བཟླས་པ་ལས་ཀྱི་སྔགས་

|; |@@@ | | }}