42056

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟླས་པའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གསུང་གི་རྣལ་འབྱོར་དང་རྣམ་པ་མཐུན་པར་བཟླས་པའི་རྣལ་འབྱོར་བྱ་བ་ལ། ཡིད་བཟླས་དང་། ངག་བཟླས་གཉིས། དང་པོ་ཡིད་བཟླས་ནི། མཆུ་དང་ལྕེ་མི་འགུལ་བར་ཡི་གེ་འབྲུ་གསུམ་ལ་སོགས་པའི་སྔགས་རྣམས་ངག་ཏུ་འདོན་པའི་རྣམ་པ་ཡིད་ལ་བྱེད་པ་ནི་ཡིད་བཟླས་དང་། བསྐྱེད་རིམ་པའི་བཟླས་པའི་གཙོ་བོ་ཡང་ཡིན་ཏེ། རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། འགོག་པ་རྡོ་རྗེའི་རྒྱལ་པོ་ནི། ། ཡོངས་སུ་རྫོགས་པ་མཛེས་མཆོག་གི ། ཡེ་ཤེས་རྡོ་རྗེ་གསུམ་ལས་བྱུང་། ། ཀུན་ནས་དེ་མ་ཐག་ཏུ་འགུགས། ། ཞེས་གསུངས་པ་ལྟར་རླུང་ལྡང་འཇུག་གནས་གསུམ་གྱི་གདངས་ཡི་གེ་འབྲུ་གསུམ་གྱི་གདངས་དང་ངོ་བོ་དབྱེར་མེད་དུ་སྦྱར་བའི་རྡོ་རྗེའི་བཟླས་པ་བྱ་བར་གསུངས་སོ། ། གཉིས་པ་ངག་གི་བཟླས་པ་ལ། དམ་ཚིག་གི་བཟླས་པ་དང་། ཁྱོགས་ཀྱི་བཟླས་པ། ཁྲོས་པའི་བཟླས་པ། ཁྲོ་བོའི་བཟླས་པ་དང་། གོང་བུའི་བཟླས་པ་དང་ལྔ། དང་པོ་དམ་ཚིག་གི་བཟླས་པ་ནི། ལྷ་རང་རང་གི་ཐུགས་ཀའི་ས་བོན་གྱི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལ་༼ལས༽དཀྱིལ་འཁོར་གྱི་ལྷའི་ཚོགས་སྤྲོས། འགྲོ་བའི་དོན་བྱས། སླར་རླུང་དང་ལྷན་ཅིག་ཏུ་འདུས་ནས་ཐུགས་ཀའི་ས་བོན་ལ་བསྡུ་བའི་བཟླས་པ་བྱའོ། ། གཉིས་པ་ཁྱོགས་ཀྱི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ང་རྒྱལ་གྱིས་སྔགས་ཀྱི་ཕྲེང་བ་རང་གི་ཞལ་དུ་ཞུགས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཐོན། ཡུམ་གྱི་རྩ་དབུ་མ་ནས་གྱེན་དུ་བརྒྱུད་དེ་ཞལ་ནས་འཐོན། རང་གི་ཞལ་དུ་ཞུགས་ཏེ་འཁོར་བ་ལ་དམིགས་ཏེ་སྔགས་འཕྲེང་རྣམས་ཞི་ཞིང་ལྷོད་པའི་རྣམ་པར་བཟླ་བ་ནི་ཁྱོགས་ཀྱི་བཟླ་ཚུལ་ཡིན་ནོ། ། གསུམ་པ་ཁྲོས་པའི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ང་རྒྱལ་གྱིས་སྔགས་ཕྲེང་རྣམས་དང་པོར་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་པདྨ་ནས་འཐོན་ཏེ་རང་གི་རྡོ་རྗེའི་ལམ་དུ་ཞུགས་རྩ་དབུ་མ་ནས་གྱེན་དུ་བརྒྱུད་དེ་རང་གི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས་ཏེ་འཁོར་བར་བསམ་ཞིང་སྔར་ལྟར་སྔགས་འཕྲེང་རྣམས་སྡུག་ཅིང་རྩུབ་པའི་རྣམ་པར་བཟླ་བ་ནི་ཁྲོས་པའི་བཟླས་པ་ཡིན་ཏེ། དེ་ན་རྩ་སྔགས་སམ་འཕྲེང་སྔགས་ཀྱི་བཟླ་ཚུལ་ཡིན་ནོ། ། བཞི་པ་ཁྲོ་བོའི་བཟླས་པ་ནི། ཡི་གེ་འབྲུ་གསུམ་ལ་སོགས་པའི་སྔགས་རྣམས་རང་གཞན་གྱིས་ཐོས་པར་སྒྲ་དྲག་ཏུ་བཟླ་བ་ནི་ཁྲོ་བོའི་བཟླ་ཚུལ་ཡིན་ནོ། ། ལྔ་པ་གོང་བུའི་བཟླས་པ་ནི། ལྷ་རང་རང་གི་ཐུགས་ཀའི་ས་བོན་གྱི་མཐར་སྔགས་འཕྲེང་གིས་བསྐོར་བའི་སྔགས་འཕྲེང་རྣམས་མགོ་གྱེན་དུ་བསྟན་ནས་འགྲེང་བའི་རྣམ་པ་ཅན་ལ་དམིགས་ནས་བཟླ་བ་ནི་གོང་བུའི་བཟླ་ཚུལ་ཡིན་ཏེ། དེ་ནི་སྙིང་པོའམ་ཉེ་སྙིང་གི་བཟླས་པར་ཡང་བཤད་དོ། ། དེ་ཡང་སྔགས་གང་དང་གང་བཟླ་བ་དེའི་ཚེ་དཀྱིལ་འཁོར་གྱི་ལྷ་དུ་ཡོད་ཀྱི་ཞལ་དུ་ཡོད་ནས་སྔགས་རྣམས་འདོན་པའི་རྣམ་པ་ཡིད་ལ་བྱས་ན་དེ་སྙེད་ཀྱི་ཕན་ཡོན་འབྱུང་བར་གྲུབ་ཆེན་ལྭ་བའི་ན་བཟའ་ཅན་གྱིས་བཤད་དོ། །
Domain ཆོས་ལུགས།

{{#arraymap:བཟླས་པའི་རྣལ་འབྱོར་

|; |@@@ | | }}