4208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱུང་པོ་ཆོས་བརྩོན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྟོད་དུ་འཁྲུངས། བོད་ནས་ཐོག་མར་མདོ་སྔགས་རིག་གནས་དང་བཅས་པར་དཔྱིས་ཕྱིན་པར་སྦྱངས། རབ་བྱུང་དང་པོའི་མེ་འབྲུག་ཕྱི་ལོ་ ༡༠༧༦ ལོར་རྔོག་བློ་ལྡན་ཤེས་རབ་དང་། རྭ་ལོ་རྡོ་རྗེ་གྲགས་པ། གཉན་ལོ་དར་མ་གྲགས་པ། བཙན་ཁ་བོ་ཆེ་རྣམས་དང་ལྷན་ཁ་ཆེའི་ཡུལ་ལ་སློབ་གཉེར་དུ་ཕེབས། བལ་ཡུལ་དང་རྒྱ་གར་སོགས་སུ་བྱོན། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཆུབ་པར་ཐོས་བསམ་མཛད་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་བསྡུས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་པའི་གཟི་བརྗིད་ཀྱི་རྒྱལ་པོ། གསལ་བའི་སྒྲོན་མ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དོན་བསྡུས་པ། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐའ་ཀླས་པར་ཁྱབ་པ་བཅས་བཞུགས།

{{#arraymap:ཁྱུང་པོ་ཆོས་བརྩོན་

|; |@@@ | | }}