4209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱུང་པོ་དམ་ཚུགས་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྟོད་དུ་འཁྲུངས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་དུས་ཀྱི་རྩེད་གྲོགས་ཤིག་ཡིན། ཁྱུང་པོའི་རྒྱུད་ནས་བྱུང་། བཙན་པོས་སྲིད་དབང་བཟུང་རྗེས་བློན་པོར་བསྐོས། བན་བོན་གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་གླེང་བྱུང་སྐབས་ཁོང་གིས་བོན་གྱི་ཁ་འཛིན་དང་ཤགས་འདེབས་པ་མཛད་ནས་རྩོད་པ་ལས་བོན་ཆོས་ཁུངས་ངན་ལ་གཏན་ཚིགས་ཆུང་བ་དང་། བན་ཆོས་ཁུངས་བཙན་ལ་གཏན་ཚིགས་རྒྱ་ཆེ་བས་ཕྱིན་ཆད་བོད་དུ་བན་ཆོས་སངས་རྒྱས་ཆོས་ལུགས་བྱའོ་ཞེས་ཁ་འཆམས་ནས་རྒྱལ་ཁམས་ཀུན་ལ་བསྒྲགས། གཙུག་ལག་རིག་གནས་ལ་མཁས་ཞིང་། རྩིས་རིག་ལ་ཤིན་ཏུ་མཁས་པས་རྩིས་པ་ཆེན་པོ་ཞེས་འབོད།

{{#arraymap:ཁྱུང་པོ་དམ་ཚུགས་

|; |@@@ | | }}