42097
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བཏགས་པའི་གཟའ་གསུམ་གྱི་ཡ་གྱལ་ལོ་འགྲོས་བཅུ་གཉིས་ལ་སྦྱར་བའི་བར་གཟའ་གང་ཡིན་པ་དེའི་ཁམས་ལ་ཟེར་ཞིང་། འབྱུང་ཁམས་དེས་ཕྱི་དང་ནང་གི་གཟའི་ཁམས་ལ་གཅོད་འདྲལ་བྱས་ནས་རྡེའུ་དཀར་ནག་གང་འབབ་ལ་བརྟག་པ་ནི་རྩ་བའི་ལྷན་ཐབས་ལུགས་ཡིན། གལ་སྲིད་བརྩི་བྱ་སུ་ཞིག་གི་རང་ལོ་སྟག་ཡིན་པར་ཆ་བཞག་ན། བར་གཟའི་སྲོག་ནི་ལོ་འགྲོས་སྟག་ལ་སྦྱར་བའི་བར་གཟའ་སྤེན་པའི་ཁམས་ས་ཡིན་པ་ལྟ་བུ་ཡིན། གཞན་དུ་བརྩི་བྱ་དག་གི་རང་ལོའི་སྲོག་ཁམས་ནི་བར་གཟའི་སྲོག་ཡིན་པར་ངོས་བཟུང་འདུག་པ་ཡང་ཡོད་ཀྱང་། སྐབས་འདི་གཟའ་བཞིའི་ཀླུང་རྩིས་འཆད་པའི་སྐབས་ཡིན་པས་སྔ་མ་དེ་ལེགས་པར་འདོད། |
Domain | རྩིས་རིག |
{{#arraymap:བར་གཟའི་སྲོག་
|; |@@@ | | }}