42105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་གྱི་གསང་བ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་སྐལ་ལྡན་ལས་ཅན་འགའ་ལ་མ་གཏོགས་གསང་སྔགས་བོན་གྱི་དབང་དམ་མེད་པའི་རིགས་སོགས་ལ་མི་བཤད་པ་ཆུ་སྲིན་གྱི་གྲེ་བར་ནོར་བུ་སྦས་པ་བཞིན་ཡིད་སེམས་ཀྱི་ཁོང་དཀྱིལ་དུ་གབ་ཅིང་སྦ་བར་བྱ་བའི་གསང་བྱའི་བོན་སྐོར་ཞིག་སྟེ། འདི་ལ་བར་གྱི་གསང་བ་ཞེས་སྨོས་དོན་ནི། གཞུང་གི་བསྟན་རིམ་གྱི་དབང་དུ་བྱས་པ་སྟེ། རྒྱུད་གཞུང་དུ་དང་པོར་ཕྱིའི་གསང་བ་བཞི་བསྟན་པ་སྔོན་དུ་སོང་ཞིང་དེ་རྗེས་སམ་བར་དུ་འདི་ཉིད་བསྟན་པ་ཡིན་པས་བར་གསང་ཞེས་གསུངས་པ་ཡིན་ནོ། ། དེ་ལ་ཡང་དབྱེ་བའམ་རྣམ་གྲངས་ལ་བཞི་སྟེ། འགུ་ཡ་ལས། བར་གསང་རྣམ་པ་བཞི་པོ་ནི། སྒྲུབ་པའི་གནས་རྣམས་གསང་བ་དང་། སྒྲུབ་དུས་ཁྱད་པར་གསང་བ་དང་། སྒྲུབ་པའི་གྲོགས་མཆེད་གསང་བ་དང་། དམ་རྫས་ལས་སོགས་རྫས་རྣམས་གསང་། ཞེས་པ་ལྟར། གསང་སྔགས་བོན་སྒྲུབ་པའི་སྐབས་སུ། གནས་དང་གཅིག། དུས་ཚོད་དང་གཉིས། གྲོགས་རྐྱེན་དང་གསུམ། རྫས་དང་བཞི་བཅས་གོང་སྨོས་ལྟར་གསང་ངོ་། ། དེ་ལྟར་གསང་བའི་དགོས་པ་ནི། གསང་སྔགས་ཀྱི་བོན་དེ་རིགས་ལ་སྐྱོན་ཡོད་པ་མ་ཡིན་ཀྱང་གསང་ན་རང་གཞན་གཉིས་ཀར་དོན་ཡོད་ཅིང་མ་གསང་སྨྲས་ཚེ་ཉེས་སྒྲིབ་ཚན་པོ་ཆེ་འབྱུང་ངེས་ལ་འཇིགས་ནས་གསང་བ་སྟེ། འགུ་ཡ་ལས། སྒྲུབ་གཤེན་མ་གསང་སྨྲས་འགྱུར་ན། དགྲ་དང་བགེགས་ཀྱི་བར་ཆད་འོང་། སྒྲུབ་པའི་དུས་ཉིད་མ་གསང་ན། ཉུ་ལེ་མ་ཡི་བར་ཆད་འོང་། སྒྲུབ་པའི་གྲོགས་མཆེད་མ་གསང་ན། ཁ་ཕོག་ངན་པས་འགོས་པར་འགྱུར། སྒྲུབ་རྫས་མ་གསང་སྨྲས་འགྱུར་ན། འཇིག་རྟེན་ཡ་ག་ངན་པས་འགོས། དེ་ནས་སྒྲུབ་གཤེན་བར་དུ་གསང་། ཞེས་པས། བར་གསང་བཞི་དེ་དག་གསང་རྒྱ་མ་བྱས་པའི་ཉེས་དམིགས་རེ་རེ་བཞིན་གསལ་བར་བསྟན་འདུག་པས་ཤེས་ནུས་སོ། །
Domain ཆོས་ལུགས།

{{#arraymap:བར་གྱི་གསང་བ་

|; |@@@ | | }}