42113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་ཆད་ཀྱི་བསྡུ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སོ་ཐར་གྱི་སྡོམ་པའི་བར་ཆད་རྣམས་གཉིས་སུ་བསྡུས་ཏེ་བསྟན་པ་ཞིག་ལ་ཟེར། དེའི་བསྡུ་ཚུལ་རྒྱས་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བར་ཆད་དེ་རྣམས་བསྡུ་ན་གཉིས་སུའང་འདུ་སྟེ། ངོ་བོའི་སྒོ་ནས་བསྡུ་བ་དང་། དུས་ཀྱི་སྒོ་ནས་བསྡུ་བ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ལ་གཉིས་སུ་ཡོད་དེ། གཙོ་བོའི་བར་ཆད་དང་། གཙོ་བོ་མ་ཡིན་པའི་བར་ཆད་གཉིས་སུ་ཡོད་པའི་ཕྱིར། དེ་གཉིས་ཀྱི་ངོས་འཛིན་ཀྱང་ཡོད་དེ། སྡོམ་པ་སྐྱེ་བའི་བར་ཆད་རྣམས་དང་པོ་དང་། སྐྱེ་ལ་ཉེས་བྱས་སུ་གསུངས་པའི་བར་ཆད་རྣམས་གཉིས་པ་ཡིན་པའི་ཕྱིར། དུས་ཀྱི་སྒོ་ནས་ཀྱང་གཉིས་ཡོད་དེ། གཏན་དུ་བའི་བར་ཆད་དང་། གཏན་དུ་བ་མ་ཡིན་པའི་བར་ཆད་གཉིས་ཡོད་པའི་ཕྱིར། སོ་སོའི་ངོས་འཛིན་ཀྱང་ཡོད་དེ། ཕ་མ་བསད་པ་ལྟ་བུ་དང་པོ་དང་། ཕ་མས་མ་གནང་བ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། གོང་དུ་སྨོས་པ་དེ་རྣམས་རིམ་པ་བཞིན་སྐྱེ་བ་སོགས་ཀྱི་བར་ཆད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་ལ་གེགས་བྱེད་པའི་ཆ་ནས་དེ་ལྟར་བཞག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བར་ཆད་ཀྱི་བསྡུ་བ་

|; |@@@ | | }}