42119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་ཆད་བཞི་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་གྱི་རྒྱུན་གནས་པ་དང་། ཁྱད་པར་དུ་འགྲོ་བ་ལ་བར་ཆད་བཞི་སྟེ། རོ་མྱང་ཅན་དང༌། ང་རྒྱལ་ཤས་ཆེ་བ་དང༌། མ་རིག་པ་ཤས་ཆེ་བ་དང༌། ལྟ་བ་ཤས་ཆེ་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:བར་ཆད་བཞི་

|; |@@@ | | }}

བར་ཆད་བཞི་ (2)
Part of speech མིང་ཚིག
Definition སོར་སྡོམ་ཐོབ་པའི་བར་ཆད་དེ། མ་ནིང་དང་མཚམས་མེད་བྱས་པ་སོགས་ལ་སྡོམ་པ་ཕོག་ཀྱང་མི་སྐྱེ་བས་སྐྱེ་བའི་བར་ཆད་དང༌། རྒྱལ་པོ་དང་ཕ་མས་མ་གནང་བ་སོགས་ལ་སྡོམ་པ་སྐྱེས་ཀྱང་རང་དབང་དུ་མ་གྱུར་པས་ཡུན་རིང་གནས་པའི་བར་ཆད་དང༌། བྱ་རོག་སྐྲོད་མི་ནུས་པའམ་ནད་དང་སྡུག་བསྔལ་གྱིས་ཉེན་པ་སོགས་ལ་སྡོམ་པ་གནས་ཀྱང་བསླབ་པ་ལ་སྦྱོར་མི་བཟོད་པས་ཡོན་ཏན་ཁྱད་པར་དུ་འགྲོ་བའི་བར་ཆད་དང༌། སྐྲ་སེར་ཅན་དང་ལག་རྡུམ་ཤན་པ་སོགས་ཁ་དོག་དང་དབྱིབས་རིགས་སོགས་ལ་སྐྱོན་ཆགས་པ་རྣམས་ཀྱིས་བསླབ་པ་ལ་སློབ་ནུས་ཀྱང་བསྟན་པ་ལ་མ་དད་པའི་རྒྱུ་བྱེད་པས་མཛེས་པའི་བར་ཆད་བཅས་བཞིའོ། །

{{#arraymap:བར་ཆད་བཞི་

|; |@@@ | | }}