42123
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་བྱང་སེམས་ཀྱི་སྦྱོར་བ་གཞན་གྱིས་བར་མ་ཆོད་པར་དེ་མ་ཐག་རང་འབྲས་རྣམ་མཁྱེན་འདྲེན་པའི་རྒྱུན་མཐའི་སྦྱོར་བ་ཞིག་ལ་བར་ཆད་མེད་པའི་རྩེ་སྦྱོར་ཞེས་འཇོག ངོ་བོ་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། མཁྱེན་གསུམ་བསྡུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གང་ཞིག ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པ་དེ། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བར་ཆད་མེད་པའི་རྩེ་སྦྱོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ངོ་བོ་ནི། རང་གི་དངོས་འབྲས་སུ་གྱུར་པའི་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱིས་བར་མ་ཆོད་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །གང་ཞེ་ན། འབྲས་བུ་སངས་རྒྱས་ཉིད་ལམ་གཞན་གྱིས་བར་དུ་ཆོད་པ་མེད་པར་ཐོབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནིའོ། །ཇི་ལྟར་བར་དུ་ཆོད་པ་མེད་པར་སངས་རྒྱས་ཐོབ་ཅེ་ན། དངོས་འབྲས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་སངས་རྒྱས་ཉིད་ཡིན་པས་སོ། །འདི་ཡང་མདོ་ལས། བྱང་སེམས་འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ས་དང་པོ་ཡན་ཆད་ལ་བཀོད་ནས་བསོད་ནམས་བསྐྱེད་པ་གང་ཡིན་པ་དེ་དཔེར་མཛད་ནས་དེ་བས་བར་ཆད་མེད་རྩེ་བསོད་ནམས་ཁྱད་པར་དུ་འཕགས་ཤིང་གྲངས་མང་བ་ཉིད་ཀྱིས་གསུངས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། བར་ཆད་མེད་པའི་རྩེ་སྦྱོར་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་ཞེས་པ་ནས། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་པའི་བར་གྱིས་བསྟན། བར་ཆད་མེད་པའི་རྩེ་སྦྱོར་དང་རང་གི་དངོས་འབྲས་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱི་བར་མ་ཆོད་པའི་རྩེ་སྦྱོར་གཉིས་དོན་གཅིག་པ་བཞེད་པས། དེ་ལྟར་ན་འདིའི་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད་ལ། ཡང་ན་བར་དུ་གཅད་བྱ་རྣམས་འོག་ཏུ་འབྱུང་བའི་བསལ་བྱ་ལོག་སྒྲུབ་རྣམས་ལ་ངོས་བཟུང་ནས། དེ་སྤངས་ཤིང་མེད་པ་ལ་བར་ཆད་མེད་པར་འཇོག་ན། འདིའི་ས་མཚམས་རྒྱུན་མཐའི་སྔ་རོལ་ན་ཡང་ཡོད་པར་སེམས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། ། |
{{#arraymap:བར་ཆད་མེད་པའི་རྩེ་སྦྱོར་
|; |@@@ | | }}