From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བར་དབུས་གཙང་རུ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་བར་ཕྱོགས་ཏེ། སྔར་ཆོས་རྒྱལ་སྲོང་བཙན་སྐབས་གཙང་ལ་གཡས་རུ་དང༌། རུ་ལག་དབུས་ལ་དབུ་རུ་དང༌། གཡོ་རུ་སྟེ་རུ་བཞིར་ཕྱེ་བ་དེ་དག་ཕྱིས་ཕྱི་ལོའི་དུས་རབས་བཅུ་བདུན་པར་གཡས་རུ་དང༌། གཡོན་རུ། སྦུས་རུ། གུང་རུ་ཞེས་པའི་མིང་དུ་བསྒྱུར།
|
| Domain
|
ལོ་རྒྱུས།
|
བར་དབུས་གཙང་རུ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
བོན་པོའི་ཕྱོགས་ནས་གཡས་རུ་དང། རུ་མཚམས། དབུས་རུ། གཡོན་རུ་དང་བཞི་ངོས་འཛིན་ཏེ། ཀུན་མཁྱེན་ཉི་མ་བསྟན་འཛིན་རང་རྣམ་ལས། གཙང་རོང་ཡན་ཆད་གཡས་རུ་དང། ལྷ་རྩེ་ཕན་ཆད་རུ་མཚམས་དང་། ལྷ་ས་དང་ཡར་ལུང་ལ་སོགས་དབུས་རུ་དང། ཉང་དྭགས་ཀོང་གསུམ་ལ་སོགས་གཡོན་རུ། ཞེས་སོ། །
|