42159

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་དུ་སྤྱོད་ལམ་ལྔ་ (1)
Part of speech མིང་ཚིག
Definition བོན། ལྷོ་གཏེར་གྱི་ཐེག་དགུ་ལས་ལྔ་བ་དགེ་བསྙེན་ཐེག་པའི་སྤྱོད་ལམ་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། བར་གྱི་སྤྱོད་ལམ་ལྔ་མཐུན་པར་བྱ་ཞིང་ཐེག་པ་ལ་འཇུག ཅེས་སོ། །ལྔ་ནི། གཟི་བརྗིད་པོད་གསུམ་པ་ལས། དག་པ་ཁྲུས་བགྱིད་པ་དང་། ཕྱག་བསྐོར་མོས་འདུན་སྤྱོད་པ་དང་། སྐུ་གདུང་གི་ཚ་ཚ་གདབ་པ་དང་། རྣམ་དག་གི་མཆོད་གཏོར་གཏོང་བ་དང་། ཚོགས་བསགས་པའི་ཡན་ལག་ལས་མཆོད་པ་འབུལ་བ་དང་ལྔའོ། །ཞེས་སོ། །དེ་ཡང་བར་གྱི་སྤྱོད་ལམ་ལྔ་མཐུན་ཞེས་པ་ནི། ཕྱི་ཚུལ་ནང་ཁྲིམས་ཡ་མ་བྲལ་བར་སྲུང་དགོས་པ་བསྟན་ནོ། །
Domain ཆོས་ལུགས།

{{#arraymap:བར་དུ་སྤྱོད་ལམ་ལྔ་

|; |@@@ | | }}