42163
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། བར་དོ་ངོ་སྤྲོད་བྱེད་པའི་དུས་ནི། དམིགས་ཡུལ་ཚེ་ལས་འདས་པ་དང་འདས་མ་དེ་ཉིད་ལུས་དང་རྣམ་ཤེས་བྲལ་ནས་ཞག་ཞེ་དགུའི་བར་ལ་བྱ་དགོས་པར་གསུངས། དེ་ལས་སྔ་བ་དང་ཕྱི་བར་མི་རུང་སྟེ། སྔས་ན་འོད་གསལ་དུ་ཞུགས་ནས་ངོ་མི་འཕྲོད། ཕྱིས་ན་སྐྱེ་སྲིད་གཞན་བླངས་ཟིན་པས་ཐབས་འདིས་ཕན་མི་ཐོགས་པར་གསུངས་ཀྱང། དེ་ཡང་མཚམས་མེད་ཀྱི་ལས་རླབས་ཆེན་སྤྱད་པ་མར་གྱི་ཟང་ཐལ་དང། ཚེ་འདིའམ་འཆི་ཁའི་གྲུབ་མཐའ་སྙོགས་པ་ཡར་གྱི་ཟང་ཐལ་དང། གླིང་དང་སྐྱེ་གནས་ལ་སྦྱར་བའམ། མཁའ་སྤྱོད་རིག་འཛིན་སོགས་འཕོ་བ་ཟབ་མོས་བགྲོད་པ་དང། གཟུགས་མེད་ཁམས་པ་ལ་བར་དོ་མི་དགོས་པར་གསུངས་པས། དེ་རྣམས་མ་གཏོགས་གང་དུ་སྐྱེས་ཀྱང་སྐྱེ་བའི་ཚོགས་པ་མ་རྙེད་བར་དུ་བར་དོ་ལ་གནས་དགོས་པས། དེ་ལ་བར་དོ་ངོ་སྤྲོད་བྱེད་དགོས་གསུངས་སོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་དོ་ངོ་སྤྲོད་པའི་དུས་
|; |@@@ | | }}