42168

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་དོ་མེད་པ་བཞི་ (1)
Part of speech མིང་ཚིག
Definition སྤྱིར་བར་དོ་མེད་པ་རྣམ་པ་བཞི་སྟེ། དང་པོ་ཡར་གྱི་ཟང་ཐལ། འོད་གསལ་འབྱོངས་པ། གཉིས་པ་མར་གྱི་ཟང་ཐལ། མཚམས་མེད་བྱེད་པའམ་དམ་ཚིག་ཉམས་པ། གསུམ་པ་ཟད་པའི་རྗེས་ཀྱི་འགྲོ་བ་ནི། རང་ངམ་གཞན་སྟོབས་ཀྱིས་འཕོ་བ་ཐེབས་པ། བཞི་པ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་སྟེ། ཏིང་ངེ་འཛིན་གྱི་ལུས་ཡིན་པས་སྐྱེ་གནས་ལེན་པའི་མཚམས་སྦྱོར་མི་དགོས་པས་སོ། །ཉན་ཐོས་སྡེ་པ་ཁ་ཅིག་བར་དོ་མི་འདོད་པ་ལ། མཛོད་འགྲེལ་དུ་མདོ་བཞིའི་ཁུངས་དྲངས་ནས་བར་དོ་ཡོད་པར་བསྒྲུབས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་དོ་མེད་པ་བཞི་

|; |@@@ | | }}