42169
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ རང་བཞིན་གནས་པའི་བར་མ་དོ་ཐིག་ལེ་ངོ་སྤྲོད་པ་ནི་དྭ་ཕྲུག་མ་དང་འཕྲད་པ་ལྟ་བུ༔ ཏིང་ངེ་འཛིན་གྱི་བར་མ་དོ་ཤེས་པ་མི་གསལ་བ་གསལ་གདབ་པ་ནི་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུ༔ རྨི་ལམ་གྱི་བར་དོར་བག་ཆགས་ཀྱིས་མཚམས་སྦྱར་བ་ནི་ཆུ་བོའི་གཞུང་ལྟ་བུ༔ སྐྱེ་འཆིའི་བར་དོ་ལ་ཉམས་ཀྱི་འཕྲོ་འཐུད་པ་ནི་ཡུར་བ་ཀོང་ཆགས་ཀྱི་ཝ་བཙུགས་པ་ལྟ་བུ༔ སྲིད་པའི་བར་མ་དོར་ལས་ཀྱི་འཕྲོ་འཐུད་པ་ནི་མུན་ཁུང་ལ་སྒྲོན་མེ་བཏེགས་པ་ལྟ་བུ༔ བར་དོ་ལྔ་པོ་འདི་རྩད་མ་ཆོད་ན་འཁོར་བ་རྩད་ཆོད་དུས་མི་འོང་གསུངས༔། |
Domain | ཆོས་ལུགས། |
{{#arraymap:བར་དོ་རྣམ་པ་ལྔ་
|; |@@@ | | }}