4217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱུང་པོ་སྤུང་སད་ཟུ་རྩེ་ (1)
Part of speech མིང་ཚིག
Definition དུས་རབས་དྲུག་པའི་འགོར་འཁྲུངས། སྐུ་ཚེའི་སྟོད་དུ་གཙང་རྗེ་མར་མུན་གྱི་བློན་པོ་ཡིན། རྗེས་སུ་གཙང་རྗེ་མར་མུན་བཀྲོངས། རྒྱལ་པོ་གནམ་རི་སྲོང་བཙན་ལ་མགོ་བཏགས། གཙང་བོད་ཀྱི་འབངས་མི་ཁྱིམ་ཚང་ཁྲི་ཕྲག་གཉིས་ཙམ་གནམ་རི་སྲོང་བཙན་ལ་ཕུལ། རྒྱལ་པོས་ཀྱང་གཙང་བོད་ཀྱི་འབངས་མི་ཁྱིམ་ཚང་ཉིས་ཁྲི་ཙམ་བྱ་དགར་གནང་། བློན་པོའི་ཐོབ་ཐང་བསྩལ། སྤྱང་གྲུང་ལྡན་ལ་བློ་ཁོག་ཆེ་བ། འཇོན་ཐང་ཆེ་བ་སོགས་ལ་བརྟེན་ནས་སྲོང་བཙན་སྒམ་པོའི་བློན་ཆེན་གྲས་སུ་ཚུད། མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་པ་དང་། རྒྱལ་ཁྲིམས་གཏན་ལ་ཕབ་པ་བཅས་ལ་མཛད་རྗེས་ཆེ། རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་བློན་པོའི་ནང་ན། ཁྱུང་པོ་སྤུང་སད་ཟུ་རྩེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ་། ཟུ་ཙེ་འཛངས་ཤེ་ན་འཛངས། དཔའ་ཞེ་ན་དཔའ་འོ། ཆུ་གང་ཆེ་ཞེ་ན་ཆེ། ཡང་རིང་ཞེ་ན་རིང་ངོ་། མྱི་ཆིག་ལ་ཚོགས་དགུའ་ཚོགས་ན། སྤུང་ཟད་ཟུ་ཙེའོ། ཞེས་གསུངས། སྐུ་ཚེའི་མཇུག་ཏུ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བློ་ལོག བཙན་པོ་བཀྲོང་རྒྱུའི་ལྐོག་གཡོ་བཤམས་པ་མགར་སྟོང་བཙན་ཡུལ་ཟུང་གིས་མཁྱེན། མགར་གྱིས་རྒྱལ་པོ་ལ་ཞུས་ཀྱང་ཁྲིམས་ཀྱིས་ཚར་གཅོད་ལོང་མ་བྱུང་བར་རང་སྲོག་བཅད།

{{#arraymap:ཁྱུང་པོ་སྤུང་སད་ཟུ་རྩེ་

|; |@@@ | | }}