42171

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་དོ་ལོངས་སྐུ་ལམ་ཁྱེར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐ་མལ་བ་ལ་བར་དོ་རང་ག་བ་འོང་བའི་དོད་ལ། ལམ་འདིའི་སྒྲུབ་པ་པོ་ལ་མངོན་བྱང་ལྔ་ལས་དང་པོའི་མགོན་པོ་བསྐྱེད་པའི་ཚུལ་ཞིག་བློ་ངོར་འཆར་བས་ན་དེ་ལྟར་བརྗོད་པ་ཡིན་ནོ། །མངོན་བྱང་ལྔ་ལས་དང་པོའི་མགོན་པོ་བསྐྱེད་ཚུལ་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམ་སྒོམ་པ། །བྱང་ཆུབ་ཐམས་ཅད་འཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་པས་བསྟན་པར་མདོ་བསྲེ་ལས་བཤད་དོ། །མཚན་ཉིད་ནི། རང་འབྲས་རྫོགས་རིམ་དག་མ་དག་གི་སྒྱུ་མའི་སྐུ་གཉིས་ཀྱི་རྒྱུད་སྨིན་བྱེད་གང་ཞིག མ་འོངས་པ་ན་འགྲུབ་རྒྱུ་སྲིད་པ་བར་དོ་དང་རྣམ་པ་མཐུན་པར་རང་སེམས་ལྷ་ཡི་སྐུ་གཟུགས་སམ་ཕྱག་མཚན་ནམ་ས་བོན་དང་ནམ་མཁར་ནཱ་ད་གང་རུང་གི་གཟུངས་སུ་བློས་བརྟགས་ནས་བསྒོམ་པའི་རིམ་པ་དང་པོའི་རྣལ་འབྱོར་དེ། བར་དོ་ལོངས་སྐུའི་ལམ་ཁྱེར་གྱི་མཚན་ཉིད། སྒྲ་བཤད་ཀྱང་ཡོད་དེ། འཆི་བ་འོད་གསལ་འགགས་པ་དང་དུ་མཉམ་དུ་ཐ་མལ་བའི་བར་དོ་འགྲུབ་འོང་བའི་ཚབ་ལ་རྫོགས་རིམ་གྱི་ཐབས་མཁས་ལ་བརྟེན་ནས་དཔེ་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཉེར་ཐོབ་གྲུབ་པ་དང་བཞིན་ལག་གིི་རྣམ་པ་ཅན་གྱི་སྒྱུ་ལུས་འགྲུབ་འོང་ཞིང་། དེའི་རྒྱུན་ལ་ལམ་བསྒོམ་པའི་འབྲས་བུ་ཆོས་སྐུ་མངོན་དུ་བྱས་པ་དང་དུས་མཉམ་དུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་འགྲུབ་འོང་བ་དེ་ཉིད་ད་ལྟ་ནས་ལམ་བྱེད་དུ་བྱས་ནས་བསྒོམ་པའི་རྣལ་འབྱོར་ཡིན་པས་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:བར་དོ་ལོངས་སྐུ་ལམ་ཁྱེར་

|; |@@@ | | }}