42177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་དོའི་ཉམ་ང་བའི་གཡང་གསུམ་ (1)
Part of speech མིང་ཚིག
Definition ཡ་ང་བའི་གཡང་ས་གསུམ་ཞེས་པ་འདོད་ཆགས་ལས་དཀར་བ། ཞེ་སྡང་ལས་དམར་བ་དང་། གཏི་མུག་ལས་ནག་པའམ་གཅོང་གཡང་ཤིན་ཏུ་ཡ་ང་ཞིང་བག་ཚ་བ་ལ་ལྷུང་ལ་ཁད་པ་དང་། ལྷུང་ནས་ཆད་ལིངས་ལིངས་འགྲོ་བ་ལ་སོགས་པའི་སྣང་བ་འབྱུང་བ་ཡིན་ནོ། །གཞན་ཡང་མི་དགེ་བ་སྣ་ཚོགས་ཀྱི་མཐུ་ལས། གཤིན་རྗེའི་སྐྱེས་བུ་མིག་མེ་ལྟར་འབར་བ། ཁྲོ་གཉེར་རྔམ་པ་མཚོན་ཆ་སྣ་ཚོགས་ཐོགས་པས་འདེེད་པ་དང་། འོ་དོད་འབོད་པ་དང་། ཁྱི་དང་ལྕེ་སྤྱང་ལ་སོགས་པས་སྒྲ་སྒྲོགས་ཤིང་འདེད་པ་སོགས་དང་། སྔོན་རང་གིས་སྲོག་བཅད་པའི་མི་དང་གཡག་ལུག་ལ་སོགས་པས་རང་གང་བསྡད་སར་དེད་ནས་གསོད་པ་དང་བརྡུང་བ་ལོག་པའི་སྣང་བ་དང་། རང་ཡིད་མི་ཆེས་པའི་ཆོ་ག་མཁན་དག་གིས་རྣམ་པར་མ་དག་པའི་ཆོ་ག་སེམས་ཡེངས་པ་དང་། ཆང་གིས་མྱོས་པ་ལ་སོགས་པ་བྱེད་པ་མཐོང་ནས་ཤེས་པ་འཚུབ་ཅིང་འཁོར་སྙིང་དང་སྡོད་སྙིང་མི་འདོད་པ་དང་། ལས་དཀར་ནག་གི་རང་གཟུགས་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་ལས་དཀར་ནག་གི་རྡེའུ་བགྲང་བར་སྣང་བ་དང་། རང་གི་རོ་ལ་སོགས་པ་མཐོང་ནས་སྣ་ལ་སོགས་པ་ནས་འཇུག་པའི་སྣང་བ་དང་། རོ་དེ་མེད་པར་སོང་ན་དགའ་བ་དང་། ཞེན་ཆགས་བྱས་པའི་ནོར་ལ་སོགས་པ་གཞན་གྱིས་སྤྱོད་པ་མཐོང་ནས་ཁོང་ཁྲོ་སྐྱེ་བ་དང་། ཉེ་དུ་ལ་སོགས་པ་མྱ་ངན་གྱི་ཆས་སུ་ཞུགས་ཏེ་ངུད་མོའི་སྒྲ་འདོན་པ་མཐོང་བ་དང་ཐོས་པ་ལས་འཇིགས་སྐྲག་གི་སྣང་བ་ཤར་ཏེ། བྱ་སྤུ་རླུང་གིས་གཏོར་བ་ལྟར་རང་དབང་མེད་པར་ཆད་ལིངས་ལིངས་གར་འགྲོ་གཏོལ་མེད་དུ་འཁྱམས་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེའི་ཚེ་འཇིགས་སྣང་དེ་རྣམས་མཁྲིས་ནད་ཅན་ལ་དུང་དཀར་པོ་དེ་ཡང་སེར་པོར་སྣང་བ་བཞིན་དུ། རང་སེམས་འཁྲུལ་པ་ལ་བརྟེན་ནས་འཇིགས་སྣང་སྣ་ཚོགས་བྱུང་བ་མ་གཏོགས་ཕྱི་རོལ་ན་གྲུབ་པ་ཅུང་ཟད་ཀྱང་མེད། གྲུབ་ཏུ་ཆུག་ཀྱང་བར་དོ་ན་ཤ་ཁྲག་གདོས་བཅས་ཀྱི་ལུས་ནི་མེད་པ་འདུག ། ཡིད་ལུས་ནི་ས་རྡོ་འོག་ཏུ་ཡང་མི་འཆོར། ཆུས་ཀྱང་མི་སྦང་། རླུང་གིས་ཀྱང་མི་འཁྱེར། གཡང་ལ་ཡང་མི་ལྷུང་། མཚོན་དང་གཅན་གཟན་གྱི་མཆེ་བས་ཀྱང་མི་ཕིགས་པས་གང་ཡོད་པ་ཤོག །སྟོང་གསུམ་དགྲར་ལངས་ཀྱང་འཇིགས་རྒྱུ་དང་བྲེད་རྒྱུ་གང་ཡང་མེད་དེ། སྣང་བ་ཐམས་ཅད་འཁྲུལ་སྣང་དུ་འདུག་སྙམ་དུ་གློད་ལ་ཞོག་མཛོད་ཅེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་དོའི་ཉམ་ང་བའི་གཡང་གསུམ་

|; |@@@ | | }}