42205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་པ་ (1)
Part of speech མིང་ཚིག
Definition སྤུས་ཚད་དང་གྲལ་རིམ་སོགས་འབྲིང་ཙམ་མམ་དཀྱིལ་མའི་དོན།
Example གོས་ཀྱི་རྒྱུས་སྤུས་པར་པ་ཙམ་རེད། རིམ་པ་བར་པ་ཙམ་རེད་ལྟ་བུ།
བར་པ་ (2)
Part of speech མིང་ཚིག
Definition རྩོད་པ་སོགས་བར་སྡུམ་བྱེད་མཁན།
Example བར་པ་ཐོན་ནས་འཁྲུག་སློང་མ་ཤོར། བར་པ་དྲང་པོ་ལྟ་བུ།
བར་པ་ (3)
Part of speech མིང་ཚིག
Definition གཉེན་ཚང་སང་ལ་མནའ་མ་སློང་དུ་འགྲོ་མཁན།
Type ཡུལ་སྐད།
བར་པ་ (4)
Part of speech མིང་ཚིག
Definition བུད་མེད་དར་མ་སྟེ། རྒན་གཞོན་གཉིས་ཀྱི་བར་ན་གནས་པས་སོ། །
Type མངོན་བརྗོད།