4221
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅོ་ལྔ་པའི་སྨད་དུ་གཙང་རྟ་ནག་ཁྱུང་པོ་རྩེར་ཡབ་ཁྱུང་རྩེ་ནང་སོ་བསོད་ནམས་འཕེལ་དང་། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གཅུང་པོ་ཡིན། གཞོན་དུས་ནས་བཀྲ་ཤིས་ལྷུན་པོར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། གསུང་རྩོམ་ནི་ཕར་ཕྱིན་གྱི་མཐའ་དཔྱོད་སྐལ་བཟང་མགུལ་རྒྱན་དང་། ཟབ་མོ་རྟེན་འབྲེལ་གྱི་རྣམ་གཞག་མཁས་པ་དགྱེས་པའི་འཛུམ་ཞལ། དྲང་ངེས་རྣམ་འབྱེད་ཀྱི་ཐལ་འཕྲེང་ཕས་རྒོལ་འཇོམས་པའི་གནམ་ལྕགས་མཁས་པའི་བློ་མཚོ་འཕེལ་བའི་ལེགས་བཤད་ཀྱི་ཆུ་རྒྱུན་བཅས་པོད་ཆུང་གཅིག་བཞུགས། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད། |
{{#arraymap:ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་
|; |@@@ | | }}