4222
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི། སྟོད་ལུང་དུ་རབ་བྱུང་གཉིས་པའི་ཤིང་ལུག་ ༡༡༡༥ ལོར་འཁྲུངས། བྱ་འདུལ་ལས་རབ་ཏུ་བྱུང་། རྒྱ་དམར་བ་ལས་བསྙེན་པར་རྫོགས། པ་ཚབ་དང་དར་ཡོན་ཏན་གྲགས་ལས་དབུ་མའི་སྐོར། བཟད་པ་དབང་རྡོར་ལས་སྤྱོད་འཇུག རྒྱ་དམར་བ་ལས་ཚད་མ་དང་རང་རྒྱུད། གཞན་ཡང་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་དུ་མ་བསླབས། ཡང་དག་པའི་གདམས་ངག་ལ་བློ་མ་རྫོགས་པར། རས་ཆུང་པའི་དྲུང་དུ་བྱོན་པས། ཞག་བཅུ་དགུ་ལ་སྙན་བརྒྱུད་རྫོགས་པར་གནང་ནས། སྙན་བརྒྱུད་ཡིད་བཞིན་ནོར་བུའི་བཀའ་བབ་ཡོངས་སུ་རྫོགས་པར་གཏད། དེ་ནས་ཧ་བོའི་གངས། འཕེན་ཡུལ་མེ་ཤུག་བྲག ཁྱད་པར་ལན་གྲོའི་ཁྱུང་ཚང་བྲག་ཏུ་བསྙེན་བཀུར་བྱེད་མཁན་སུ་ཡང་མེད་པར་ལོ་བདུན་བཞུགས་ནས་བསྒྲུབས་པས། ཉམས་རྟོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས། ཁྱུང་ཚང་དུ་ཕུག་རོན་གྱི་རོ་ལ་གྲོང་འཇུག་མཛད། གཞན་ཡང་ཡི་དམ་དུ་མས་ཞལ་གཟིགས་པ་དང་། འོ་མ་རྡོ་རྗེའི་སྦུབ་ནས་ཞལ་དུ་དྲངས་པ་དང་། སྐུ་མཚལ་འོ་མར་འབབ་པ་དང་། ཟག་པ་རྒྱུན་ཆད་པ་དང་། ཐུགས་དམ་མཉམ་རྗེས་མེད་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ། དགུང་ལོ་རེ་གཉིས་པ་མེ་སྤྲེལ་ ༡༡༧༦ ལོར་གཤེགས། དེའི་སློབ་མ་ནི། མ་ཅིག་ཨོང་ཇོ། དགེ་སྡིངས་པ། ཤངས་པ་མར་སྟོན། རྟ་སྒོམ་སོགས་བྱུང་ངོ་། ། |
{{#arraymap:ཁྱུང་ཚང་པ་ཡེ་ཤེས་བླ་མ་
|; |@@@ | | }}