42221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ (1)
Part of speech མིང་ཚིག
Definition མདོ། གཟུགས་སུ་ཉེར་འགྲོའི་ནང་ཚན་ཞིག་སྟེ། ཕྱིར་མི་འོང་བ་སྲིད་པ་གཅིག་ནས་འཕོས་པ་ཕ་རོལ་ཏུ་ཡང་མ་སྐྱེས་པར་སྲིད་པ་བར་མ་དོའི་ཚེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །འདི་ཆོས་ཉིད་ཀྱིས་བར་དོར་ཡུན་རིང་གནས་ལ་སྐྱེ་བའི་ཉོན་མོངས་པ་མེད་པས་སོ། །ཁ་ཅིག་ཕུང་པོ་ལྷག་མེད་དུ་འདའ་བ་ཟེར་བ་ནི་མི་རིགས་ཏེ། ཚེ་འདོར་བའི་དབང་མེད་པའི་ཕྱིར་རོ། །དེ་ལ་དབང་ཐོབ་པ་ལ་རབ་མཐའི་བསམ་གཏན་བཞི་པ་ཐོབ་པའི་མི་དགྲ་བཅོམ་དབང་རྣོན་དགོས་པའི་ཕྱིར་རོ། །དེ་ལྟ་ན་བར་དོར་འདའ་བ་དེ་ཚེ་ལ་དབང་བར་འགྱུར་རོ་ཞེ་ན་མི་དབང་ཡང་བར་དོར་གནས་པར་བྱེད་པའི་ལས་ནི་སྐྱེས་ནས་མྱོང་འགྱུར་ལྟ་བུའི་མཐུ་ཅན་མེད་པས་མྱུར་དུ་ལྷག་མེད་དུ་འདའ་ལ། འདི་ནི་ཚད་དེ་རྫོགས་ནས་སོ། །དེས་ན་མི་མཚུངས་སོ། །
Domain ཆོས་ལུགས།

{{#arraymap:བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་

|; |@@@ | | }}