4223
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གཉིས་པའི་ཤིང་ལུག་ཕྱི་ལོ་ ༡༡༡༥ ལོར་སྟོད་ལུང་དུ་འཁྲུངས། བྱ་འདུལ་དང། རྒྱ་དམར་ལས་རིམ་བཞིན་རབ་བྱུང་དང་བསྙེན་པར་རྫོགས། པ་ཚབ་ལོ་ཙཱ་བ་དང་། བཟད་པ་དབང་རྡོར། རྒྱ་དམར། །སེ་སྟོན། ཕུག་པ། ཇོ་བསོད། ལྷོ་བ། ནད་པ་དང་རྭ་ལོ། གནམ་འཕར་བ། འཁོན་ཕུ་བ་ལྕམ་སྲིང་། རྔོག་བཅས་ལས་གོ་རིམ་ལྟར་དབུ་མ་དང་། སྤྱོད་ཕྱོགས། ཚད་མ། ཕར་ཕྱིན། རྭ་ལི་དང་འཕགས་སྐོར། ཁ་རག་སྐོར། བདེ་མཆོག་དང་ཀྲི་ཀྲྀ་ཡ། དུས་འཁོར་དང་དམར་ནག་འཇིགས་གསུམ། བཀའ་གདམས། ལམ་འབྲས། དགྱེས་རྡོར་རྣམས་ལེགས་པར་གསན། འབྲི་སྒོམ་གླིང་ཁ་བ་ལས་གཏུམ་མོ་དང་། སྒྱུ་ལུས། རྨི་ལམ་གྱི་ཁྲིད་རྣམས་གསན། རྗེ་རས་ཆུང་པ་ལས་ཞག་དགུ་བཅུར་སྙན་བརྒྱུད་ཚང་བར་གནང་། ཚོགས་འཁོར་ཡང་དགུ་བཏང་། རྗེ་རས་ཆུང་པའི་བཀའ་ལྟར་གནས་ངེས་མེད་དབེན་པའི་རི་ཁྲོད་འགྲིམས། སྒྲུབ་བརྒྱུད་ཀྱི་བསྟན་པ་དར་སྤེལ་མཛད། སློབ་མ་གྲགས་ཆེ་བ་ནི་མ་གཅིག་ཨོང་ཇོ་དང་། དགེ་སྡིངས་པ། མར་སྟོན་ཚུལ་ཁྲིམས་འབྱུང་གནས་བཅས་ཡིན། |
{{#arraymap:ཁྱུང་ཚང་ཡེ་ཤེས་བླ་མ་
|; |@@@ | | }}