42230
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། སྡོམ་པ་དང་སྡོམ་མིན་གཉིས་ལས་གཞན་པའི་ལུས་ངག་གི་ལས་དགེ་བ་དང་མི་དགེ་བ་ཅི་རིགས་པ་ནི་བར་མའོ། །ཡང་དག་པར་བླངས་པ་ལས་སྐྱེས་པ་མ་ཡིན་པའི་བར་མའི་དགེ་བ་དང་། གཞན་ཡང་བར་མའི་མི་དགེ་བ་རྣམས་ནི་ལོག་གཡེམ་ལས་གཞན་པའི་མི་དགེ་བ་དྲུག གཞན་ལ་བཅོལ་བས་རྫོགས་པ་རྣམས་ནི་རིག་བྱེད་མིན་པ་ཁོ་ནར་ངེས། ལོག་གཡེམ་ནི་གཞན་ལ་བཅོལ་བས་མི་རྫོགས་པས་གཉིས་ཀ་ཡོད། གཞན་དྲུག་ཀྱང་རང་གིས་བྱེད་ན་གཉིས་ཀ་ཡོད་དོ། །ལུས་ངག་གི་དགེ་མི་དགེའི་ལས་ལམ་གྱི་སྦྱོར་བ་རྣམས་ལ་ནི་རིག་བྱེད་ངེས་པར་ཡོད་ཅིང་། ཀུན་སློང་དྲག་པོས་བྱེད་ན་རིག་བྱེད་མ་ཡིན་པ་ཡང་ཡོད་པར་འགྱུར་ལ། མི་བྱེད་ན་རིག་བྱེད་མ་ཡིན་པར་མིན་པས། རིག་བྱེད་ཁོ་ནའོ། །ལུས་ངག་གི་ལས་ལམ་གྱི་མཇུག་རྣམས་ལ་ནི་རིག་བྱེད་མ་ཡིན་པ་ངེས་པར་ཡོད། དངོས་དང་མཐུན་པའི་བྱ་བ་བྱེད་ན་རིག་བྱེད་ཀྱང་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་མའི་དགེ་མི་དགེ་
|; |@@@ | | }}