42231

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་མའི་དགེ་མི་དགེ་གཏོང་རྒྱུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བར་མའི་གཏོང་རྒྱུ་ནི། འཕེན་བྱེད་དད་པའམ། ཉོན་མོངས་པའི་ཤུགས་ཆད་པ་དང་། བླངས་པ་ཆད་པ་དང་། བླངས་པ་བཞིན་མ་བྱས་པའི་བྱ་བ་ཆད་པ་དང་། གུས་པར་བྱ་བའི་ཡུལ་མཆོད་རྟེན་དང་། རི་དྭགས་འཛིན་པའི་རྒྱ་ལ་སོགས་པའི་དོན་ཆད་པ་དང་། ཚེ་ཆད་པས་གཏོང་ལ། དགེ་བའི་རྩ་བ་ཆད་པས་ཀྱང་ངོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། ཉོན་མོངས་དྲག་པོས་གཞན་ལ་བརྡེག་པའམ། དད་པ་དྲག་པོས་ཕྱག་འཚལ་བ་ལ་སོགས་པ་བྱེད་ན་བརྡེག་པ་ལ་སོགས་པ་བྱེད་འདོད་ཀྱི་ཀུན་སློང་གི་བསམ་པའི་ཤུགས་དེ་ཆད་པ་ན་བར་མའི་མི་དགེ་བའམ་དགེ་བ་དེ་གཏོང། ཟླ་བ་ལ་སོགས་པའི་བར་དུ་གཞན་གྱི་འཚོ་བ་སྦྱོར་བ་དམ་བཅས་ཤིང་ཁས་བླངས་ནས་ཁས་ལེན་གྱི་དུས་འདས་པས་གཏོང་བ་ནི་ཁས་བླངས་པ་ཆད་པས་གཏོང་བ་དང། གཞན་གྱི་འཚོ་བ་སྦྱོར་བ་དང་ཟས་བཟའ་བའི་ཚེ་དཀོན་མཆོག་གསུམ་གྱི་བསྟོད་པ་འདོན་པ་ལ་སོགས་པར་དམ་བཅས་ནས་བྱ་བ་དེ་མི་བྱེད་པ་ལྟ་བུ་ནི་བྱ་བ་ཆད་པས་གཏོང་བ་དང་། གཙུག་ལག་ཁང་བརྩིགས་ནས་དགེ་འདུན་ལ་ཕུལ་བ་དང་། མཆོད་རྟེན་བརྩིགས་པའི་དགེ་བ་ལྟ་བུ། གཙུག་ལག་ཁང་སོགས་མ་ཞིག་གི་བར་དུ་དགེ་བ་དེའི་རྒྱུན་མ་ཆད་པ་ལས་དེ་ཞིག་པའི་ཚེ་གཏོང་བ་ལྟ་བུ་དོན་ཆད་པས་གཏོང་བ་དང་། བར་མ་འདི་གཟུགས་ཅན་གྱི་དགེ་བ་ཡིན་པས་ཤི་འཕོས་པས་གཏོང་བ་ལྟ་བུ་ཚེ་ཆད་པས་གཏོང་བ་དང་། དགེ་རྩ་གཅོད་པའི་ཉེ་བའི་སྦྱོར་བ་ལ་ཞུགས་པའི་ཚེ་གཏོང་བ་ལྟ་བུ་དགེ་རྩ་ཆད་པས་གཏོང་བ་དང་དྲུག་ཡོད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་མའི་དགེ་མི་དགེ་གཏོང་རྒྱུ་

|; |@@@ | | }}