42232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་མའི་རིག་བྱེད་མ་ཡིན་པ་ཐོབ་ཚུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྡོམ་པ་སྡོམ་མིན་གྱི་ལྷག་མ་བར་མའི་རྣམ་པར་རིག་བྱེད་མིན་པ་ནི་རྫས་ལས་བྱུང་བ་དང་རྫས་ལས་བྱུང་བ་མ་ཡིན་པའི་རིག་བྱེད་མ་ཡིན་པ་ལྟ་བུ་ཞིང་དང་། ཟས་མ་ཟོས་ཀྱི་གོང་དུ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བར་དམ་བཅས་ནས་དེ་ལྟར་བྱེད་པ་ལྟ་བུ་ཡི་དམ་ནར་མར་ཁས་ལེན་ཞིང་དམ་བཅས་པ་དང་། རབ་ཏུ་དང་བ་དང་ཉོན་མོངས་པ་དྲག་པོས་དགེ་བ་དང་མི་དགེ་བ་བྱེད་པ་ལྟ་བུ་བསམ་སྦྱོར་གུས་པར་བྱེད་པ་ལས་འཐོབ་བོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། དགེ་འདུན་གྱི་གཙུག་ལག་ཁང་བརྩིགས་པ་ལྟ་བུ་སོགས། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ནི་དགེ་འདུན་ལ་སོགས་པའི་ཞིང་གིས་ལོངས་སྤྱོད་པའི་ཚེ་ན་བར་མའི་དགེ་བ་སྟོབས་ཆེན་ཐོབ། ཡང་ཟླ་བ་གཅིག་ལ་སོགས་པར་སྦྱིན་པའི་དགེ་བ་སྒྲུབ་པར་ཁས་ལེན་བྱས་པའི་ཚེ་དང་། དད་པའི་སྒོ་ནས་ཕྱག་འཚལ་བའི་ལས་བྱས་པའི་ཚེ་བར་མར་གྱུར་པའི་དགེ་བ་ཐོབ་པ་ཡིན་ཏེ། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་པས་ཐོབ། །ཅེས་གསུངས་པའི་ཕྱིར། དེའི་ཤུགས་ལས་བར་མའི་མི་དགེ་བ་ཡང་ཐོབ་ཚུལ་ཤེས་པར་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་མའི་རིག་བྱེད་མ་ཡིན་པ་ཐོབ་ཚུལ་

|; |@@@ | | }}