42233
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པའི་སྡོམ་པ་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་དེ་གདོན་མི་ཟ་བར་ཡོད་པ་ནི་མ་ཡིན་གྱི། གང་ལ་འཆལ་ཚུལ་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པས་བསྡུས་པ་ཡོད་ན་དང་པོ་བར་གྱི་དང་ལྡན་ནོ། །ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་འདས་པ་མ་འོངས་པ་གཉིས་ཀྱི་བར་མ་ཡིན་ནོ། །སྐད་ཅིག་དང་པོ་ཕྱིན་ཆད་དུས་ནི་གཉིས་ཏེ་འདས་པ་དང་ད་ལྟར་གྱི་གཉིས་ཀ་སྟེ། མ་བཏང་གི་བར་དུ་ལྡན་ནོ། །ཐུབ་པའི་ཚུལ་ནི། གང་དུ་ཀུན་དགའ་ར་ལ་སོགས་པ་ཕུལ་བ་ཙམ་གྱིས་རྣམ་པར་རིག་བྱེད་མིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཞིང་དང་། སངས་རྒྱས་ལ་ཕྱག་མ་བཙལ་བར་དུ་ཟས་མི་ཟའོ་ཞེས་དམ་བཅའ་ལེན་པ་ལྟ་བུའི་དགེ་བ་དང་མི་དགེ་བ་གང་ལས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གུས་པས་ལས་བྱེད་པས་ཐོབ། དེའི་གཏོང་ཚུལ་འདི་ལྟར་ཏེ། རབ་ཏུ་ཉོན་མོངས་པའི་ཤུགས་གང་གིས་རྣམ་པར་རིག་བྱེད་མ་ཡིན་པ་འདི་འཕངས་པ་སྟེ་ཆད་པས་དེ་ཡང་རྣམ་པར་ཆད་པ་འགྱུར་ཏེ་རྫ་མཁན་གྱི་འཁོར་ལོ་དང་མདའི་འགྲོས་བཞིན་ནོ། །གལ་ཏེ་ཡང་དག་པར་བླངས་པ་འདིས་ཆོག་གོ་ཞེས་ཡང་དག་པར་ལེན་པ་གཏོང་ན་ཀུན་ཏུ་བླངས་པ་བཏང་བ་ལས་ཀྱང་ཇི་ལྟར་བླངས་པ་བཞིན་མ་བྱས་པའི་བྱ་བ་རྣམ་པར་ཆད་པ་ལས་དང་། དོན་རྣམ་པར་ཆད་པ་ལས་ཀྱང་རྣམ་པར་ཆད་ལ། ཚེ་ཆད་པ་ལས་ཀྱང་ངོ་། །དགེ་བའི་རྩ་བ་ཆད་པ་ལས་ཀྱང་རྣམ་པར་ཆད་པར་འགྱུར་བ་སྟེ་རྒྱུ་དེ་དྲུག་གིས་གཏོང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:བར་མའི་སྡོམ་པ་
|; |@@@ | | }}