4224
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔོན་གྱི་གཏམ་རྒྱུད་དང་སྦྱར་བའི་ཨ་རུ་དང། རུ་རྟ། ཤུ་དག། བོང་ང་ནག་པོ། གླ་རྩི་བཅས་ལྔའི་སྦྱོར་སྡེའི་སྨན་གྱི་མིང་སྟེ། སྔོན་གྱི་གཏམ་རྒྱུད་དང་སྦྱར་ན། ཀོང་རོང་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་རེག་ཟིག་ནེའུ་ལེའི་རྐྱལ་པ་ཕྱི་རྒྱུད་ལྷན་ཐབས་རིན་པོ་ཆེའི་འཁོར་ལོ་ལས། དང་པོ་ལོ་རྒྱུས་རྒྱ་གར་ཤར་ཕྱོགས་ཀྱི། །རྒྱལ་པོ་སང་གྷ་པཱ་ལ་རྗེ་འབངས་ལ། །ཀླུ་སྲིན་གདུག་པའི་གནོད་པ་སྣ་ཚོགས་བྱུང། །རྗེ་འབངས་དཀོན་མཆོག་གསུམ་ལ་སྐྱབས་ཞུས་པས། །ཐུགས་རྗེས་གསང་བདག་སྤྲུལ་པ་ཁྱུང་གཅིག་བྱུང། །ཡུལ་དེར་རི་བོའི་སྤོ་ཞིག་བཞུགས་པ་ལས། །ནད་གདོན་གནོད་པ་ཞི་ནས་བདེ་ལྡན་གྱུར། །ནམ་ཞིག་ཁྱུང་དེ་མྱ་ངན་འདའ་ཞེས་པས། །རྒྱལ་པོས་ནམ་མཁའ་ལྡིང་ལ་འདི་སྐད་ཞུས། །བདག་ཅག་ད་བར་བདེ་སྐྱིད་ཁྱེད་ཀྱིས་དྲིན། ད་ནི་མྱ་ངན་འདས་ན་ཇི་ལྟར་བགྱི། ཞུས་པས་མཁའ་ལྡིང་དབང་པོས་འདི་སྐད་གསུངས། །ཁོ་བོ་མྱ་ངན་འདས་རྗེས་སྙིང་དང་ཁྲག ། ཤ་རུས་རྒྱུས་པ་བཅས་པར་རིལ་བུ་བགྱིས། །ལུས་ལ་བཅང་དང་ཁོང་དུ་བཏང་བས་བདེ། །ནམ་ཞིག་དེ་ཡང་ཟད་པར་གྱུར་པས་ན། །འབྱུང་ལྔའི་རྫས་སུ་བྱིན་གྱིས་རླབས་ཀྱི་གསུངས་ལ། །སྦྱོར་ཚུལ་ཨ་རུས་རྒྱུས་པ་སྙིང་ཁྲག་བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། །ཞེས་གསུངས་ཨ་རུ་ཞོ་བཞི་རུ་རྟ་གཅིག ། ཤུ་དག་སུམ་གཉིས་སྨན་ཆེན་ཞོ་ཕྱེད་དང། །གླ་རྩི་སུམ་ཆ་སྦྱར་བ་ཚད་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། ། |
Domain | གསོ་རིག |
{{#arraymap:ཁྱུང་ལྔ་
|; |@@@ | | }}