42249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་འབྲོག་ཆུ་བཟང་དགོན་ (1)
Part of speech མིང་ཚིག
Definition བར་འབྲོག་ཆུ་བཟང་ངམ་རྡོ་གླིང་དགོན་འདི་ནི། བོད་དབུས་སྟོད་དིང་རིའི་ཡུལ། ཕན་སྤྱི་གྲོང་ཁོངས་སུ་ཆགས་ཡོད། རྒྱལ་བ་རྒོད་ཚང་པ་ཆེན་པོའི་སྒྲུབ་གནས་ཡིན་པ་མ་ཚད། རྗེ་འདི་གནས་དེ་ཉིད་དུ་དགོངས་པ་རྫོགས་སའི་གནས་ཀྱང་ཡིན། རྒྱལ་བ་རྒོད་ཚང་པ་དེ་ཉིད་རྒོད་ཚང་བྲག་ཏུ་བཞུགས་པའི་སྐབས་ཤིག་གསེར་གྱི་རྡོ་རྗེ་ཞིག་མཁའི་དབྱིངས་སུ་འཕེན་ཏེ། རྒད་པོ་ང་ཤི་སའི་ས་ཆ་དེ་གང་ཡིན་དེར། རྡོ་རྗེ་འདི་བབས་པར་ཤོག་ཅིག་ཅེས་སྨོན་ལམ་མཛད་པས་རྡོ་རྗེ་དེ་གནས་འདིར་བབས། རྗེའི་ཐུགས་དགོངས་ལ་གནས་འདིར་དགོན་པ་ཞིག་བཞེངས་དགོས་དགོངས་པའི་ཚེ། མཁའ་འགྲོ་མ་འགྲོ་བ་བཟང་མོས་ས་དཔྱད་གཟིགས་ཏེ་ལུང་བསྟན་མཛད་པ་དང་། དགོན་པ་ཕྱག་བཏབ། ཕྱོགས་བཞི་རྒྱལ་ཆེན་སྡེ་བཞིས་བཞེངས་པར་གྲགས། རྒྱལ་བ་རྒོད་ཚང་པ་དགུང་ལོ་དྲུག་ཅུ་རེ་གྲངས་སྐབས་གནས་འདིར་ཕེབས་པས། སློབ་ཚོགས་སྟོང་ཕྲག་མང་པོ་འདུས་པའི་རྗེས་ཤུལ་དེང་སྐབས་ཀྱང་མཇལ་རྒྱུ་ཡོད། རྗེ་འདི་ཉིད་དགུང་ལོ་རེ་དགུ་ནས་དོན་གཅིག་བར་གནས་དེར་འགྲོ་དོན་སྐྱོང་བཞིན་བཞུགས། དོན་གཉིས་ལ་སྙུན་ཚུལ་བཞེས་ནས། དེ་རིང་འགྲུལ་པ་གལ་ཆེན་ཞིག་འོང་བ་ཡོད་པས་ཡར་ཐོངས་ཤོག་གསུངས། དགོང་དྲོ་ཙ་ན་ཁྱི་ར་བའི་མི་ཞིག་སླེབས། སྐུ་དྲུང་དུ་མ་བཏང་བར་བཀག་པ་བླ་མས་མཁྱེན་ཏེ་ཡར་ཐོངས་ཤོག་གསུངས། དེ་རྒྱལ་བ་ཡང་དགོན་པ་ཡིན། ནང་དུ་ཕེབས་ཚར་བ་དང་གཟིམས་སྒོ་ཡུན་རིང་བརྒྱབ། ཕྱིར་ཕེབས་དུས་ཉེ་གནས་རྣམས་ཀྱིས་དགེ་སློང་ཞིག་ཏུ་མཐོང་སྣང་བྱུང་། གཡོན་རི་གླང་སྣ་ལྟ་བུའི་ལྡེབས་ནས་རྒོད་ཅིག་ཏུ་སྤྲུལ་ཏེ་འཕུར་སོང་བ་བླ་མར་ཞུས་པས། ཞག་བདུན་ནས་གཏམ་མི་སྙན་པ་ཞིག་ཐོས་འོང་གསུངས། བདུན་ཕྲག་གཅིག་ནས་ཡང་དགོན་པ་དགོངས་པ་རྫོགས། བདུན་གཅིག་ནས་རྒོད་ཚང་པའི་ཉེ་གནས་དང་། བདུན་གཅིག་ནས་རྒོད་ཚང་པ་དགོངས་པ་རྫོགས། དེ་ནས་སེང་གེ་ཤེས་རབ་མཆོག་ནས་གདན་ས་བསྐྱངས། དེའི་རྗེས་སུ་དགོན་འདི་ཅུང་ཉམས་རྒུད་དུ་སོང་འདུག དེའི་ཕྱིས་སུ་བྱ་བཏང་བསྟན་པའི་རྒྱལ་མཚན་སྐུ་ཕྲེང་ན་རིམ་གྱིས་གདན་ས་སྐྱོང་། སྐུ་ཕྲེང་བཅུ་གསུམ་པ་མཐུ་སྟོབས་འཕྲིན་ལས་རྒྱ་མཚོའི་སྐབས། ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གྲུབ་ནས་རིང་པོར་མ་ལོན་པར་ཕྱི་ལོ་ ༡༩༦༠ ལོར་རིག་གནས་གསར་བརྗེའི་དོན་རྐྱེན་འོག་དགོན་འདི་ཉིད་རྩ་སྟོང་དུ་གྱུར་ནས། དེང་སྐབས་རིན་པོ་ཆེ་ཕྱི་རྒྱལ་ག་ཤེད་དུ་བཞུགས་ཡོད་པའི་གོ་ཐོས་ཙམ་མོ། །སླར་ཡང་ ༡༩༩༤ ལོར་དེ་དགོན་དེ་གའི་གྲྭ་རྒན་དགེ་ལེགས་ལགས་ནས་གཙོ་བོའི་འགན་འཁུར་འོག ཁུལ་དེའི་དད་ལྡན་མང་ཚོགས་རྣམ་པས་ཀྱང་རྒྱབ་སྐྱོར་བྱས་ཏེ་སླར་གསོ་ཞུས། དེང་སྐབས་གྲྭ་རྒན་དགེ་ལེགས་ལགས་ཀྱིས་འགན་འཁུར་འོག་དགེ་འདུན་ལྔ་ཙམ་འདུས་ཏེ་འབྲུག་པ་བཀའ་བརྒྱུད་པའི་ལུགས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། མ་དགོན་འབྲུག་བདེ་ཆེན་ཆོས་འཁོར་གླིང་དགོན་ཡིན་འདུག།

{{#arraymap:བར་འབྲོག་ཆུ་བཟང་དགོན་

|; |@@@ | | }}