42254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་རྒྱན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་དཀྱིལ་འཁོར་གྱི་ཕྱོགས་མཚམས་ཀུན་ནས་མཚོན་ཐིག་གམ་ཐིག་སྐུད་ལྔ་ཡིས་འཁོར་བར་བསྐོར་ཏེ། དེའི་རྒྱུད་དུ་མེ་ཏོག་གི་ཕྲེང་བ་དང་། ཤ་སྣ། སྙིང་སྣའི་ཕྲེང་བ། སིལ་སྙན། དར་དཔྱང་སྣ་ཚོགས་རྣམས་ཡིད་དུ་འོང་བ་མཛེས་པར་བརྒྱན་ཅིང་བསྐོར་བ་དེ་དག་ལ་བྱ་སྟེ། དབལ་མོ་ལས་ཐིག་ལས། དེ་ནས་བར་རྒྱན་འགོད་པ་ནི། མཚོན་ཐིག་ཆེན་པོ་ལྔ་ཡིས་ནི། ཕྱོགས་མཚམས་འཁོར་བར་བསྐོར་བ་སྟེ། དེ་ལ་མེ་ཏོག་ཕྲེང་བ་དང་། ཤ་སྣ་སྙིང་སྣའི་ཕྲེང་བ་དང་། སིལ་སྙན་དང་ནི་དར་དཔྱང་དང་། ཡིད་དུ་འོང་བ་མཛེས་པར་བསྐོར། དེས་ནི་བདེར་གཤེགས་ཐུགས་རྗེ་དང་། བདག་གི་ལས་སུ་སྦྲེལ་བའོ། །ཞེས་པས། དེ་ལྟར་བརྒྱན་ཅིང་བསྐོར་བའི་དགོས་དོན་ནི། ཐིག་སྐུད་ཆེན་པོ་ལྔ་ནི་བདེར་གཤེགས་ཀྱི་ཐུགས་རྗེ་ཆེན་པོ་ལྔ་དང། མེ་ཏོག་དང་ཤ་སྣ་སོགས་ནི་བདག་སོགས་སེམས་ཅན་གྱི་ལས་སྣ་ཚོགས་དང་ཐིག་སྐུད་དེ་ལ་བརྒྱུས་ཤིང་འདོགས་པ་ནི་ལས་ལ་ཐུགས་རྗེས་གཟིགས་པའམ་ལས་ལ་ཐུགས་རྗེས་སྦྲེལ་བར་མཚོན་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བར་རྒྱན་

|; |@@@ | | }}