4226
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྱུང་ཁུངས་ནི་རང་བྱུང་རྡོ་ཡི་རིགས་ལ་མཆོང་དང་། དཀར་གོང་། བེའུ་སྣབས། ལྕགས་རྡོ་དམར་པོ་སོགས་སྣ་ཚོགས་འདྲེས་པ་ལས་འབྱུང་བའི་རིན་པོ་ཆེ་ཞིག་སྟེ། བརྟག་ན་སྔོན་པོ་གཡུ་རྙིང་ལྟ་བུ་དང་། རབ་ནི་དེ་ལས་ཅུང་ཟད་མཐིང་མདངས་ཆགས་ལ་ནམ་མཁར་བཏེག་ན་ཤེལ་རིགས་ཙམ་ཕྱི་ནང་བསྒྲིབ་པར་མི་གསལ་ཡང་། དམའ་སར་བཞག་ནས་བལྟས་ན། རྡོ་ཧ་ཤིག་དྭངས་པའི་ཉམས་ལྟར་དེ་ལས་ཤིན་ཏུ་དྭངས་པས་གཏིང་ནས་མི་བསྒྲིབ་པར་གསལ་ལོ། །ཁྱད་པར་མི་ནོར་བའི་རྟགས་ནི། རིགས་མཆོག་དམན་གང་ཡང་ཡུང་བ་སེར་པོའི་ཁུ་བར་བརྡར་ན་ཁ་དོག་དམར་པོ་ཁྲག་ལྟར་འབབ་པར་བྱེད་དོ། །འདི་རིགས་འགའ་ཞིག་གཡུ་དང་ནོར་བ་འབྱུང་ཡང་ཡུང་བར་བརྡར་བས་ཤེས། དབྱིབས་དང་ཁ་དོག་མ་ངེས་སྣ་ཚོགས་འབྱུང་ལ་རྡོ་རིགས་གཞན་དང་རྡོ་རིགས་གཞན་འདྲེས་པའི་ཐིག་རིས་དང་། སྤྱིན་ཆུ་དྭངས་མ་གར་པོའི་ནང་ཚོན་ཁྲ་སྣ་ཚོགས་པའི་ཐིགས་པ་ཐོར་བ་ལྟ་བུའམ་ཤ་ཁྲག་རྩ་རུས་འདྲེས་པའི་རྣམ་པ་ཅན་ཞིག་སྟེ། མདོར་ན་ཁྱུང་སྐྱུགས་དངོས་ནི་ཁ་དོག་གཡུ་ལྟར་སྔོ་ལ་དྭངས་པ་དང་། རེ་འགའ་གཡུ་ལྟ་བུའི་གཞི་ལ་ཁ་དོག་སྣ་ཚོགས་གསལ་ཞིང་གསུང་རྒྱུན་ལ་གཞིགས་ན་ཁྱུང་གིས་སྲོག་ཆགས་ཟོས་པ་སྐྱུགས་པའི་ནང་དུ་ཤ་མདོག་དང་། ཁྲག་མདོག རུས་པའི་མདོག ཚིལ་གྱི་མདོག་བཅས་མདོག་མི་འདྲ་བ་གསལ་བ་ཡོད་པར་གསུངས་པ་བཞིན་དང་། དམན་པ་ནི་སྔོ་ནག་མི་དྭངས་པ་མེ་རྡོ་འདྲ་བ་ཡང་ཡོད་པར་གྲགས་པའོ། །འདིར་རིགས་ལྔ་ཡོད་པ་སྟེ། དཀར་པོ་དུང་འདྲ་བ་དང་། སེར་པོ་སྤོས་ཤེལ་འདྲ་བ། ལྗང་ནག་དབྱིག་འདྲ་བ། སེར་སྐྱ་བཅས་ལྔ་བཤད་པ་ཡིན་ནོ། ཁ་དོག་མ་ངེས་པ་སྣ་ཚོགས་ལས་དོན་དུ་མཆོག་དམན་གཉིས་སུ་དབྱེ་སྟེ། འདིའི་མཆོག་ནི་དཀོན་ལ། ཕལ་པའི་རིགས་ཅུང་རྙེད་སླ། ཡོངས་གྲགས་ལ་མཆོང་ཟེར། རྒྱན་ཆ་བྱེད་ཆོག་ལ་སྨན་ཡང་བྱེད་ཆོག རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བའོ། །ངོ་བོའི་ནུས་པས་སྤྱིར་དུག་ནད་དང་གྱུར་དུག་སོགས་དུག་ནད་ཀྱི་རིགས་ཐམས་ཅད་སྲུང་ཞིང་འཇོམས་པར་བྱེད་དོ། ། |
{{#arraymap:ཁྱུང་སྐྱུགས་
|; |@@@ | | }}