42264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་སྐོང་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཐར་གླུད་སྐོང་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ཀྱི་བསྒྲུབ་གནས་བཙལ་ཅིང་གནས་པ་ལ་སྣང་སྲིད་ཀྱི་ཁམས་འདིར་མངའ་དབང་བཙན་པའི་ལྷ་ཀླུ་གཞི་བདག་སོགས་ཀྱིས་མི་མཐུན་པའི་ཆོ་འཕྲུལ་བསྟན་པ་ལ། དེ་དག་ཐབས་ཀྱིས་ཞི་བདེར་བཅོས་ཏེ་འཁོན་འཁྲུགས་ཀྱི་སྣ་སེལ་བར། འདོད་པ་སྐོང་བའི་བསང་དང་ཆུ་གཏོར་གྱི་ཆོ་ག་ལ་སྤྱད་ཅིང་མགྲོན་བཞི་ཚིམ་པར་བསྔོ་བའི་དོན་ཏེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གཉིས་པ་བར་སྐོང་བསྙེན་པ་ལ། རིན་ཆེན་སྤྱི་སྤུངས་བོན་བསྒྲུབ་ལ། སྣང་ཞིང་སྲིད་པའི་ཆོ་འཕྲུལ་ལ། ཆོ་འཕྲུལ་ཐབས་ཀྱིས་ཞི་བདེ་བཅོས། བསང་དང་ཆུ་གཏོར་བདེན་པས་བཅོས། ཞེས་གསུངས་པས་ངེས་སོ། །
Domain ཆོས་ལུགས།

{{#arraymap:བར་སྐོང་ལ་བསྙེན་པ་

|; |@@@ | | }}