42272
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་བར་སྣང་གློག་གི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། བར་སྣང་གློག་གི་བརྟུལ་ཞུགས་ཀྱིས། །ཅི་ལའང་མྱུར་མགྱོགས་བརྩོན་པར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེ་ཡུད་ལྟར་མྱུར་མགྱོགས་ལྡན་པ་གློག་ལྟར་དུ་འགྱུ་སྟེ་ཐུགས་རྗེ་ཆེན་པོས་ཡུད་ཙམ་ལའང་བདག་གཞན་གྱི་དོན་མཛད་པའི་བརྟུལ་ཞུགས་ཏེ། ཞེས་གསུངས། ཀུན་འདུས་རིག་པར་འདིའི་ཚབ་ལ་ང་རྒྱལ་སྟག་མཆོག་བརྟུལ་ཞུགས་དྲངས་པའི་དོན་ནི་རྣལ་འབྱོར་པ་ཐེག་མཆོག་རྒྱལ་པོར་ཞུམ་པ་མེད་པར་འཇུག་པའི་བརྟུལ་ཞུགས་ཡིན་པར་གཟི་ལྡན་འཆར་ཁའི་འོད་སྣང་ལས་གསུངས། |
Domain | ཆོས་ལུགས། |
{{#arraymap:བར་སྣང་གློག་གི་བརྟུལ་ཞུགས་
|; |@@@ | | }}