42276
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། གཟུགས་ཀྱི་ཁྱད་པར་ནི། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །དེའི་འགྲེལ་པར། དབང་པོ་ལྔ་ཆར་ཚང་བའོ། །ཐོགས་པ་མེད་པ་ནས་ཐོགས་མེད་ལྡན་ཏེ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པའི་ཕྱིར་ཏེ། ཇི་ལྟར་ལྕགས་ཀྱི་ཐོ་ལུམ་འབར་བ་གཤགས་པ་ནང་ནས་བྱུང་བའི་སྲིན་འབུ་དམིགས་སོ། །ཞེས་དང་། རྣམ་འགྲེལ་ལས། ལུན་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། ཞེས་གསུངས། ལུས་ཕྲ་ཞིང་དང་པའི་མིག་སོགས་དབང་པོ་དྲུག་དང་། ལུས་དབང་གི་བྱེ་བྲག་ཕོ་མོ་གང་རུང་གི་དབང་པོ་དང་བཅས་པ་ཚང་བ། དེ་ལྟ་ནའང་ཤ་ཁྲག་གདོས་བཅས་ཀྱི་ལུས་མེད་ཅིང་འཇའ་ལུས་ལྟ་བུ་དེ། ལས་ཀྱི་ཆེ་བ་སྐྱེ་གནས། ཡོན་ཏན་གྱི་ཆེ་བ་རྡོ་རྗེ་གདན། བྱིན་རླབས་ཀྱི་ཆེ་བ་རྟེན་རབ་གནས་ཅན་མ་གཏོགས་གཞན་རྣམས་ལ་ཐོགས་པ་མེད་པའི་ལུས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། འཆི་བ་འོད་གསལ་ངོ་མ་ཤེས་ཤིང་སེམས་མ་ཟིན་ན། གཏི་མུག་འདོད་ཆགས་ཞེ་སྡང་གསུམ་གྱི་རྟོག་པ་རིམ་གྱིས་ལངས། ཁྱབ་བྱེད་ཀྱི་རླུང་གིས་རྐྱེན་བྱས་ཏེ་རྣམ་ཤེས་སྒོ་དགུ་པོ་གང་རུང་ནས་འཐོན་ཏེ་ཚེ་སྔ་མའི་རྟོག་པ་འགགས། ཕྱི་མའི་རྟོག་པ་མ་ཟིན་པའི་བར་དེར་བར་དོའི་ཡིད་ལུས་ལེན་ཏེ། ཁུ་ཁྲག་ལས་གྲུབ་པའི་གདོས་བཅས་མ་ཡིན་པར། ཡིད་དྭངས་མ་ལས་གྲུབ་པའི་གཟུགས་ཅན་དབང་པོ་ལྔ་ཚང་བ། ཡོན་ཏན་གྱིས་སྒོ་ནས་རྡོ་རྗེའི་གདན། བྱིན་རླབས་ཀྱི་སྒོ་ནས་རྟེན་རབ་གནས་ཅན། ལས་ཀྱིས་ཕྱེ་བ་རང་གང་དུ་སྐྱེ་བའི་གནས་མ་གཏོགས་གང་ལའང་ཐོགས་པ་མེད་པ་རྒྱུའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་ཀྱི་གཟུགས་
|; |@@@ | | }}