42277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་སྲིད་ཀྱི་ནུས་པ་ (1)
Part of speech མིང་ཚིག
Definition བར་སྲིད་ཀྱི་མཐུའི་ཁྱད་པར་ནི། མཛོད་ལས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་པའི་འགྲེལ་པར། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བའི་ལས་ཀྱི་རྫུ་འཕྲུལ་བྱེད་པས་ན་རྫུ་འཕྲུལ་ལོ། །དེའི་ཤུགས་ནི་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཏེ་མགྱོགས་པ་ཉིད་དོ། །དེ་ཉིད་འདི་ལ་ཡོད་པས་ན་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པའོ། །ཞེས་དང། ཀུན་ལས་བཏུས་ལས། འགྲོ་བ་མ་ཐོགས་ཐོགས་མེད་པ་རྫུ་འཕྲུལ་དང་ལྡན་བཞིན་དུ་མྱུར་དུ་འགྲོ་ཞིང། སྐྱེ་བའི་གནས་སུ་ནི་ཐོགས་ཏེ། །ཞེས་དང། གདན་བཞིའི་རྒྱུད་ལས། མ་ཡི་མངལ་དང་རྡོ་རྗེའི་གདན། །དེ་གཉིས་མ་གཏོགས་ཐོགས་མེད་འགྲོ། །ཞེས་གསུངས་པའི་དོན། བར་དོའི་ཤེས་པ་དེ་ས་རྡོ་བྲག་རི་གང་ལ་ཡང་ཐོགས་མེད་ཕྱོ་ལང་འགྲོ་ཞིང་། སྲིད་རྩེ་ནས་དམྱལ་བའི་བར་སྐད་ཅིག་ཡུད་ཙམ་ལ་བསྐོར་བར་ནུས་ཤིང་། རྟེན་བྱིན་རླབས་ཅན་དང་རྡོ་རྗེ་གདན་དང་མའི་མངལ་དུ་འཕྲལ་དུ་འགྲོ་བར་མི་ནུས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་སྲིད་ཀྱི་ནུས་པ་

|; |@@@ | | }}