42278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་སྲིད་ཀྱི་བོང་ཚོད་ (1)
Part of speech མིང་ཚིག
Definition བར་དོའི་བོང་ཚོད་ཀྱི་ཁྱད་པར་ནི། མཛོད་འགྲེལ་ལས། བོང་ཚོད་ནི་དཔེར་ན་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུ་སྟེ། དེ་ཡང་དབང་པོ་གསལ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི། དཔེར་ན་གཞོན་ནུ་ཐོར་གཙུག་མཚན་དང་དཔེ་བྱད་དང་བཅས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་བར་བ་ལ་གནས་པ་ཡུམ་གྱི་ལྷུམས་སུ་འཇུག་པ་གླིང་བཞི་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དོ། །ལྷའི་སྲིད་པ་བར་མ་ཡང་བོང་ཚོད་རྫོགས་པ་དང་ངོ་ཚ་ཤེས་པ་ཤས་ཆེ་བའི་ཕྱིར་གོས་དང་བཅས་པར་འབྱུང་། བྱང་ཆུབ་སེམས་དཔའ་ཡང་གོས་དང་བཅས་པ་ཡིན་ནོ། །དགེ་སློང་མ་དཀར་མོ་ཡང་གོས་དང་བཅས་པ་ཡིན་ནོ། །སྨོན་ལམ་གྱི་དབང་གིས་དེ་ཉིད་ཀྱིས་དཀྲིས་ནས་བསྲེགས་པའི་བར་དུ་ཡིན་ནོ། །འདོད་པའི་ཁམས་ན་ངོ་ཚ་མེད་པ་ཤས་ཆེ་བའི་བར་གཞན་ནི་གཅེར་བུའོ། །ཞེས་གསུངས། ལོ་ལྔའམ་དྲུག་ནི་འདོད་པའི་ལྷ་མིའི་དབང་དུ་བྱས་པ་ཡིན་ལ། ལྷའི་ཞེས་པ་གཟུགས་ཁམས་ཀྱི་ལྷ་ལ་དགོངས་ཤིང་། དུད་འགྲོ་ལ་སོགས་པ་དབྱིབས་མི་འདྲ་བ་དུ་མ་ཡོད་པའི་མ་ངེས་པའི་བར་མ་བརྗོད་དོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་སྲིད་ཀྱི་བོང་ཚོད་

|; |@@@ | | }}