42279
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མ་ངེས་པའི་རྟགས་དྲུག་ནི། གནས་ལ་ངེས་པ་མེད་པ་ཡུད་ཙམ་རེ་ལ་མ་ངེས་པ་སྣ་ཚོགས་སུ་གནས་པ་དང་། རྟེན་མ་ངེས་པ་ཡུད་ཙམ་རེ་ལ་རྩ་བརྒྱད་དམ་མཆོད་རྟེན་ནམ་གཙུག་ལག་ཁང་ངམ། ཟམ་ངུར་ལ་སོགས་པ་དུ་མ་ལ་བརྟེན་པ་སྟེ། དེ་རྣམས་དགེ་བས་བསམ་པས་རྩིས་པས་སོ། །སྤྱོད་ལམ་མ་ངེས་པ་ཡུད་ཙམ་རེ་ལ་འགྲོ་འཆག་ཉལ་འདུག་སོགས་ཀྱི་སྣང་བ་འཆར་བ་དང་། ཟས་མ་ངེས་པ་ཡུད་ཙམ་རེ་ལ་ཟས་བཟང་ངན་སྣ་ཚོགས་ལ་ལོངས་སྤྱོད་པའི་སྣང་བ་དང་། ཟས་མཐོང་ཡང་མ་བསྔོས་ན་ཟ་མི་ནུས་པ་ལ་སོགས་པའི་སྣང་བ་འཆར་རོ། །གྲོགས་མ་ངེས་པ་ཡུད་ཙམ་རེ་ལ་འཛའ་མི་འཛའ་སྡུག་མི་སྡུག་སོགས་སྣ་ཚོགས་དང་འགྲོགས་པའི་སྣང་བ་དང་། ཡིད་ཡུལ་མ་ངེས་པ་ཡུད་ཙམ་རེ་ལ་བདེ་སྡུག་སྣ་ཚོགས་ཀྱི་སྣང་བ་འཆར་བ་རྣམས་སོ། །རྟགས་འདི་རྣམས་ཚང་ན་བར་དོར་ཡོད་པའི་རྟགས་ཡིན་ནོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་ཀྱི་མ་ངེས་པའི་རྟགས་དྲུག་
|; |@@@ | | }}