42280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་སྲིད་ཀྱི་མཐོང་ཚུལ་ (1)
Part of speech མིང་ཚིག
Definition མཐོང་ཚུལ་གྱི་ཁྱད་པར་ནི། ཀུན་ལས་བཏུས་ལས། བསྐལ་བ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ངོ་། །ཞེས་དང་། མཛོད་ལས། རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་པའི་རང་འགྲེལ་ལས། སྲིད་པ་བར་མ་རིགས་མཐུན་པ་དག་མཐོང་ངོ་། གཞན་(གང་)དག་ལ་ལྷའི་མིག་ཤིན་ཏུ་རྣམ་པར་དག་པ་མངོན་ཤེས་པ་ལས་བྱུང་བ་ཡོད་པ་དེ་དག་གིས་འདི་མཐོང་གི ཤིན་ཏུ་དྭངས་པའི་ཕྱིར་སྐྱེ་གནས་ཐོབ་པའི་མིག་གིས་ནི་མི་མཐོང་ངོ་། །ཞེས་གསུངས། སྲིད་པ་བར་མ་རིགས་མཐུན་པ་དག་གིས་མཐོང་ཞེས་པ་ནི། ལྷའི་བར་སྲིད་ཀྱིས་ལྷའི་བར་སྲིད་ནང་ཕན་ཚུན་མཐོང་། མིའི་བར་སྲིད་ཀྱིས་མིའི་བར་སྲིད་ནང་ཕན་ཚུན་མཐོང་ངོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་སྲིད་ཀྱི་མཐོང་ཚུལ་

|; |@@@ | | }}