42281
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བར་དོའི་ཚེ་ཚད་ཀྱི་ཁྱད་པར་ནི། ཀུན་ལས་བཏུས་ལས། དེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ་དེ་ཚུན་ཚད་ཀྱིས་འཆི་འཕོའོ། །ཞེས་དང། ས་སྡེ་ལས། བར་མ་དོའི་སྲིད་པ་དེ་ཡང་སྐྱེ་བའི་རྐྱེན་གྱི་བར་དུ་ཇི་ལྟར་ཐོགས་ན་ཡང་ཞག་བདུན་དུ་གནས་པར་ཟད་དོ། །རྙེད་ན་ནི་ངེས་མེད་དོ། །ཡང་མ་རྙེད་ན་ནི་ལུས་བརྗེས་ནས་ཞག་བདུན་དུ་གནས་སོ། །སྐྱེ་བའི་རྐྱེན་མ་རྙེད་ན་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལས་འདས་ཕན་ཆད་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞེས་དང་། ཁྱུང་པོས་འཆུག་མེད་བར་དོ་གསུམ་གྱི་ཉམས་ལེན་དུ། དེ་ལ་བར་དོ་ཡུན་ཐུང་ན་བདུན་ཕྲག་གཅིག་གམ། རིང་ན་བདུན་ཕྲག་བདུན་གྱི་བར་དུ་བར་དོའི་སྡུག་བསྔལ་སྣ་ཚོགས་མྱོང་ནས་སྐྱེ་བ་ལེན་པར་འགྱུར་རོ། །ཞེས་དང། སྨན་བླའི་མདོ་ལས། ཡང་ན་ནི་གདུགས་བདུན། ཞེས་པ་ནས། དེའི་རྣམ་པར་ཤེས་པ་སླར་ལོག་ཅིང་དྲན་པ་རྙེད་ལ། ཞེས་པའི་བར་གསུངས། ལུང་དེ་རྣམས་ཀྱིས་བར་དོའི་ཚེ་ཚད་བདུན་ཕྲག་བདུན་ལས་ལྷག་པ་མི་གནས་པར་བཤད་ལ། མྱ་ངན་ལས་འདས་པའི་མདོ་ལས། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་དུས་སུ། རྒྱལ་པོ་འོད་མཛེས་ཞེས་བྱ་བའི་ཁྱེའུ་ལོ་གསུམ་བར་དོར་གནས་ཚུལ་གསུངས་སོ་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་ཀྱི་ཚེ་ཚད་
|; |@@@ | | }}