42282
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཟས་ཀྱི་ཁྱད་པར་ནི། གཟུགས་ཁམས་ཀྱི་བར་དོ་ནི། རེག་པ་དང་། སེམས་པ་དང་རྣམ་པར་ཤེས་པའི་ཟས་དང་གསུམ་ཙམ་སྤྱོད་ལ། འདོད་པའི་བར་སྲིད་ནི་དེར་མ་ཟད་ཁམས་ཀྱི་ཟས་ཀྱང་ཟ་ལ། དེ་ཡང་ལུས་དང་བས་རགས་པ་མི་ཟའི་དྲི་ཙམ་ཟ་བ་ཡིན་ནོ། །འོ་ན་དྲི་མ་གཏོགས་རོ་ལ་སོགས་པ་བསྔོ་བའི་ཆོ་ག་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཞེས་དང། འདི་ན་ཡོད་པའི་ཟས་དེ་དངོས་སུ་མི་ཐོབ་ཀྱང་། གང་གིས་ལུས་བླངས་པའི་རྟེན་ལ་ཟས་ལ་ལོངས་སྤྱོད་རྒྱུ་འབྱུང་བ་དང་། བཀྲེས་སྐོམ་འགགས་པའི་སྣང་བ་འབྱུང་བ་ལ་སོགས་པའི་དོན་ཡོད་པ་ལ་དགོངས་ནས་གཤིན་པོ་དེ་ལ་འདོད་ཡོན་བསྔོས་པ་ལ་སོགས་པའི་ཆོ་ག་གསུངས་ཏེ། ཚེ་འཕོས་པ་ཇི་ལྟར་འགྱུར་བའི་ལུང་བསྟན་པའི་མདོ་ལས། རྒྱལ་པོས་གསོལ་བ། ཚེ་འཕོས་པར་འདི་ན་ཕན་ཐོགས་པའི་བཟའ་བཏུང་དང་། བཞོན་པ་དང་། གོས་དང་རྒྱན་བཏོད་པ་འདི་དོན་མ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚེ་འཕོས་པ་དེའི་ལས་གང་བྱས་པ་དེའི་རྣམ་པར་སྨིན་པས་འགྲོ་བ་རིགས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ། མི་དགེ་བ་དང་མ་འབྲེལ་བའི་བསོད་ནམས་ཀྱི་ཚོགས་སུ་གྱུར་པའི་ལས་དགེ་བ་སྣ་ཚོགས་པ་བཏང་ན་མཐོ་རིས་དང་ཐར་པ་ཡང་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོད་ནམས་སུ་གྱུར་པའི་ལས་དགེ་བ་ཞིག་བཏང་ན། སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་གྱིས་མཆོད་ཅིང་བཀུར་བའི་ཕན་ཡོན་ཡོད་ལ། ཚེ་འཕོས་པ་སྐྱེ་བ་མི་ལེན་པ་གཤིན་རྗེའི་འཇིག་རྟེན་ན་ཡོད་ནས་བཟའ་བཏུང་དང། གཞོན་པ་དང་། གོས་རྒྱན་གྱི་བདག་པོ་བྱེད་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །བར་དོ་དེས་ལུས་གཞན་བླངས་ཟིན་པ་ལ་སོགས་པའི་རྒྱུ་མཚན་གྱིས་དེའི་ལུས་དང་རྣམ་ཤེས་དང་བཅས་པ་མ་ཁུགས་ཀྱང། བཀུག་ནས་ཟས་བསྔོས་པ་ལ་སོགས་པའི་ཆོ་ག་བྱས་པས། ལུས་བླངས་པའི་རྟེན་དེ་ལ་ཟས་རྙེད་པ་ལ་སོགས་པ་ཕན་པ་འབྱུང་བའི་དཔེ་ཡང་ཡོད་དེ། བསྒྲུབ་བྱའི་རྣམ་ཤེས་ལིངྒ་སོགས་ལ་བཀུག་ནས་མངོན་སྤྱོད་ཀྱི་ལས་བྱས་པས་བསྒྲུབ་བྱ་དེའི་རྟེན་ལ་གནོད་པ་ཡོང་བ་བཞིན་ནོ། །དེས་ན་ཉེ་དུ་འབྲེལ་བ་ཤུལ་མི་རྣམས་ཀྱིས་གཤིན་པོའི་དོན་དུ་མྱ་ངན་མེད་པའི་དགེ་བ་རྣམ་དག་བྱས་པ་ལ་ཕན་ཡོན་ཤིན་ཏུ་ཆེའོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་ཀྱི་ཟས་
|; |@@@ | | }}