42283
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བར་དོའི་ལས་གསོགས་ཚུལ་གྱི་ཁྱད་པར་ནི། མཛོད་རང་འགྲེལ་དུ། མིའི་སྲིད་པ་བར་མ་མེད་པར་གྱུར་ནས་ལྷའི་སྲིད་པ་བར་མའམ་གཞན་དུ་གྱུར་པ་ནི་ནམ་ཡང་མེད་ཀྱིས། འདི་འགྲོ་བ་གང་གི་དབང་དུ་བྱས་ནས་མངོན་པར་འགྲུབ་པ་དེ་ཁོ་ནར་སྐྱེ་བར་འགྱུར་གྱི། གཞན་དུ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཞེས་གསུངས་པས་བདེ་འགྲོའི་བར་དོ་ནས་ངན་འགྲོའི་བར་དོ་དང་། ངན་འགྲོའི་བར་དོ་ནས་བདེ་འགྲོའི་བར་དོར་མི་བཟློག་པར་འདོད་མོད། དེ་ཐེག་ཆུང་པའི་ལུགས་ཡིན་ལ། ཀུན་བཏུས་ལས། ཅི་སྟེ་ན་བཟློག་གོ །དེ་ན་གནས་པ་ཡང་ལས་གསོག་གོ །ཞེས་གསུངས་པ་ལྟར་སྔོན་མི་དགེ་བ་སྤྱད་པས་ངན་འགྲོའི་བར་སྲིད་གྲུབ་ནའང་། བླ་མ་བཟང་པོའི་དབང་དང་། ཉེ་འབྲེལ་ལ་སོགས་པས་དགེ་བ་རྣམ་དག་མྱ་ངན་མེད་པར་ཕན་སེམས་ཀྱིས་བྱས་ན། ངན་འགྲོའི་བར་སྲིད་ནས་བདེ་འགྲོར་ལྡོག་གོ །སྔོན་དགེ་བ་སྤྱད་པས་བདེ་འགྲོའི་བར་སྲིད་གྲུབ་ནའང་གཉེན་བཤེས་སོགས་པས་མྱ་ངན་དྲག་པོས་ངུ་གཅོང་དང་འཐབ་རྩོད་དང་། སེམས་ཅན་གྱི་སྲོག་བཅོད་པ་དང་། རྒྱུད་རྣམ་དག་ནས་བཤད་པའི་ཆོ་ག་མི་བྱེད་པར་མཐུན་ཕྱོགས་སྒྲིག་པའི་མཆོད་གནས་གང་བྱུང་རེས་གཉིད་དང་ཆང་གིས་མྱོས་པའི་བར་ནས། ཟང་ཟིང་གི་བསམ་པས་ཆོ་ག་མ་དག་པ་རེ་བྱས་ན། བར་དོ་དེ་ལའང་ཟག་བཅས་ཀྱི་མངོན་ཤེས་ཅུང་ཟད་ཡོད་པས་འཁོར་སྙིང་དང་སྡོད་སྙིང་མི་འདོད་པར། ཆགས་སྡང་གི་བསམ་པ་སྣ་ཚོགས་ཤར་ནས་གནས་ངེས་མེད་དུ་འགྲོ་ཞིང་། ཁྱད་པར་བླ་འགུགས་ཟེར་ནས་སྤྱོད་ངན་སྣ་ཚོགས་ཀྱི་ཆོ་ག་བྱས་པས་ནི་བླ་ཁུགས་པ་ཕར་ཞོག སྤྱོད་པ་དེ་ལ་ཟ་འདྲེ་དགའ་ནས་འཁོར་ཏེ་གཤིན་པོའི་སྡིག་པ་སྦྱོང་བ་ལ་བར་ཆད་བྱེད་ཅིང་ཤུལ་མི་རྣམས་ལའང་གནོད་ལ། བར་དོ་དེའང་བདེ་འགྲོའི་སྣང་བ་ལས་ལོག་སྟེ་ངན་འགྲོའི་བར་དོ་གྲུབ་ནས་དེར་སྐྱེ་བ་གསུངས་པས། ཤུལ་གྱི་བྱ་བྱེད་པ་རྣམས་ཀྱིས་བླང་དོར་མ་ནོར་བར་ཤེས་པ་གལ་ཆེའོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་ཀྱི་ལས་བསགས་ཚུལ་
|; |@@@ | | }}