42285

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་སྲིད་ངན་སོང་དུ་སྐྱེ་ཚུལ་ (1)
Part of speech མིང་ཚིག
Definition ངན་སོང་གསུམ་ལ་རླུང་དམར་ལངས་པའམ་ཆར་བབས་པའམ། སྐྱེ་བོ་འཇིགས་སུ་རུང་བ་མང་པོ་ཅ་ཅོའི་སྒྲ་འདོན་པ་ལ་སོགས་པ་སྙམ་བྱེད་པ་ལ་བརྟེན་ནས། དུད་འགྲོར་སྐྱེ་ན་སྐྱེ་གནས་དེ་ས་ཕུག་གམ། རྩ་འམ་ལོ་མའི་སྤྱིལ་བུའམ། ཤིང་ངམ་རྩིག་པའི་དཀྱིལ་སོགས་སུ་སྣང་ལ། ཡི་དྭགས་སུ་སྐྱེ་ན་སྡོང་དུམ་མམ། ཕྱར་བ་ལྟ་བུ་ནགས་ཁྲོད་པའམ། མུན་པ་ནག་ལིང་པར་སྣང་སྟེ། དེ་རྣམས་སུ་སྐྱབས་འཚོལ་བ་དང་། དམྱལ་བར་སྐྱེ་ན་ལྕགས་བསྲེགས་ཀྱི་ས་གཞི་སོགས་སྐྱེ་གནས་ཇི་ལྟར་ཡོད་པ་བཞིན་སྣང་ཡང་བདག་ཉིད་རླུང་ངམ་ཆར་བ་དྲག་པོས་བདས་ནས་དྲོ་བ་འདོོད་པས་རྒྱུག་པ་དང་། གྲང་དམྱལ་དུ་སྐྱེ་ན་མེ་དང་ཉི་མས་གདུང་བའི་ཉེན་ནས་འཁྱག་ཁྲོམ་སོགས་མཐོང་སྟེ་བསིལ་བར་འདོད་པས་རྒྱུག་པའམ། ཡང་ན་སེམས་ཅན་བསད་པ་དང་། ལོག་གཡེམ་སྤྱད་པའི་སེམས་ཅན་དེ་རྣམས་མཐོང་ནས་ཆགས་སྡང་གིས་དེར་བརྒྱུགས་པ་ལས་ཅུང་ཞིག་བརྒྱལ་ཏེ་དེར་བརྫུས་སྐྱེས་སུ་སྐྱེའོ། །སྒོང་སྐྱེས་ནི་མངལ་སྐྱེས་དང་འདྲ་བར་འཇུག་པ་གཅིག་དང་། སྒོ་ང་ལ་ཁང་བཟང་སོགས་སུ་འཁྲུལ་ནས་འཇུག་པའི་ལུགས་གཉིས་མཛོད་འགྲེལ་སོགས་སུ་བཤད་དོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བར་སྲིད་ངན་སོང་དུ་སྐྱེ་ཚུལ་

|; |@@@ | | }}